༄༅། །ཆོས་སྐྱོང་རྣམས་ཀྱི་སྒྲུབ་སྐོར་གསོལ་མཆོད་བྱ་བའི་རིམ་པ་བསྐང་བ་བསྐུལ་དང་བཅས་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས་སོ། ། [001] །ན་མོ་གུ་རུ་དེ་བ་མཧཱ་བྲཧྨ་ཎ་ཡེ། འདིར་་ལྷ་མཆོག་ཚངས་པ་ཆེན་པོ་ཞི་དྲག་ལ་མཆོད་གཏོར་མདོར་བསྡུས་འབུལ་ཚུལ་ནི། ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་རྒྱས་བསྡུས་གང་ རིགས་སྔོན་དུ་བཏང་ནས། ནང་མཆོད་དང་མཆོད་གཏོར་གཞུང་བཞིན་བྱིན་གྱིས་བརླབས་ཏེ། དམིགས་པ་བརྟན་པོའི་ངང་ནས་འདི་ལྟར། མདུན་གྱི་ནམ་མཁར་རིན་ཆེན་ཁང་བརྩེགས་ནང། །རྒྱན་ལྡན་ སྤྲིན་གྱི་ཤུགས་ཅན་མགྱོགས་འགྲོའི་སྟེང། །སྲིད་གསུམ་བདག་པོ་ཚངས་པ་ཞི་དྲག་ཟུང། །གྱིང་ཆེན་རྣམ་འགྱུར་དང་བཅས་བརྟན་པར་བཞུགས། །དྭངས་མ་ལྔ་སོགས་མ་ཚད་མེད་པའི་ རྫས། །སྦྱངས་རྟོགས་སྦར་བྱས་ཟག་མེད་གཏོར་མའི་ཚོགས། །ལྷ་མཆོག་འཇིག་རྟེན་མེས་པོ་འཁོར་བཅས་ལ། །འབུལ་གྱི་བཞེས་ནས་འཕྲིན་ལས་རྣམ་བཞི་སྒྲུབས། ལན་གསུམ། ཕྱི་ནང་ [002A]༄༅། །འདོད་ཡོན་སྨན་རཀ་བདུད་རྩི་དང། །རྟ་མཆོག་ཡལ་གའི་རི་དྭགས་གཅན་གཟན་ཚོགས། །ཤེལ་གྲི་བེད་ཆེན་མདུང་ཞགས་ལ་སོགས་པ། །བཞེས་ནས་མཆོག་མཐུན་ དངོས་གྲུབ་མ་ལུས་སྩོལ། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་ཕྲེང་བ་ཡིས། །བཀའ་བསྒོས་ཇི་བཞིན་དམ་ལས་མི་འདའ་བར། །རྒྱལ་བསྟན་བསྲུང་ཞིང་སྙིགས་དུས་འགྲོ་ཚོགས་ལ། །བླང་དོར་ ཚུལ་བཞིན་སྟོན་མཛད་ཁྱོད་ལ་བསྟོད། །ལྷ་ཆེན་ཚངས་པ་ཞི་དྲག་འཁོར་བཅས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་རྗེས་བཟུང་སྟེ། །ཕྱི་ནང་ཉེར་འཚེ་མ་ལུས་ཞི་བ་དང། །བསམ་དོན་ལྷུན་གྱིས་ འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ནི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་སྔགས་གྲས་རྒྱ་གླིང་སྦྱོང་མི་རྣམས་ཀྱིས་ལྷ་མཆོག་ཚངས་པ་ཞི་དྲག་ལ་མཆོད་གཏོར་འབུལ་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་ བསྐུལ་བ་ལྟར། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའི་ཡི་གེ་པ་ནི་དགེ་ལེགས་རྒྱལ་མཚན་གྱིས་བྲིས་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག་ [002B] །སྣང་བ་མཐའ་ཡས་ཡབ་སྲས་རིམ་བྱོན་གྱིས། །བཀའ་བསྒོས་གཉེར་གཏང་རྡོ་རྗེའི་དམ་ཚིག་ཅན། །ལྷ་ཆེན་ཚངས་པ་འཁོར་བཅས་དེང་འདིར་དགོངས། ། འཁོར་འདས་གཤིས་ལུགས་སྤྲོས་པའི་མཐའ་བྲལ་ཡང། །བདག་བློ་རྣམ་རྟོག་དྲི་མས་སྦགས་པའི་མཐུས། །ཁྱེད་ཀྱི་གསང་གསུམ་དང་འགལ་ཉེས་པའི་ཚོགས། །ཅི་བགྱིས་སྙིང་ནས་འགྱོད་པས་སྤྱན་ སྔར་བཤགས། །བདེ་ཆེན་ལྷན་སྐྱེས་དགའ་བའི་རོལ་པ་ལས། །བྱུང་བའི་དམ་རྫས་ཕྱི་ནང་མཆོད་པའི་སྤྲིན། །རབ་འབྱམས་ཞིང་གི་ཁྱོན་ཀུན་རབ་བཀངས་ཏེ། །ལྷ་ཆེན་ཚངས་པ་འཁོར་བཅས་མཉེས་ ཕྱིར་འབུལ། །སྲིད་གསུམ་བདག་པོ་ཞི་དྲག་འཁོར་བཅས་ཀྱིས། །སྐུ་རྟེན་བསོད་ནམས་བསྟན་འཛིན་དབང་འདུས་ཀྱི། །ལུས་ནད་འདིས་མཚོན་ཉེར་འཚེ་ཀུན་ཞི་ནས། །ཚེ་བསོད་དཔལ་འབྱོར་མ་ལུས་རྒྱས་ པར་མཛོད། ཁམས་གསུམ་བཟང་དན་བྱེད་ལས་ཀུན་གཟིགས་ནས། །བླང་དོར་ཇི་བཞིན་སྟོན་མཛད་ཚངས་པ་ཆེ། །སྙིགས་དུས་བསྟན་པའི་སྲོག་རྩ་འཛིན་པའི་ཕྱིར། །བཅོལ་བའི་ལས་འདི་ཐོགས་མེད་ འགྲུབ་པར་མཛོད། །ཅེས་ལྷ་ཆེན་ཚངས་པ་ཞི་དྲག་ལ་འཕྲིན་འཆོལ་བཤགས་པ་དང་བཅས་པ་འདི། སྐུ་རྟེན་ཨ་ཆི་ཐུ་ཨེར་ཏེ་ནི་དར་ཁན་ཆོས་རྗེ་བསོད་ནམས་བསྟན་འཛིན་དབང་འདུས་གྲོ་འཚལ་བ་ལས་མྱུར་དུ་གྲོལ་ཕྱིར། ་ཤཱཀྱའི་ [003A]༄༅། །བཙུན་བ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱིས་བྲིས་པའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག་མདུན་གྱི་ནམ་མཁར་ཁྲག་མཚོ་ཞག་གིས་ཀློང། །རབ་འཇིགས་རྦ་ ཀློང་བསྣོལ་ཞིང་འཁྲུག་པའི་ནང། །ཆུ་སྐྱེས་ཉི་ཟླ་བམ་ཆེན་གདན་གྱི་སྟེང། །མཐུ་ལྡན་ཆོས་སྲུང་འཁོར་བཅས་དགྱེས་བཞིན་བཞུགས། །རང་བཞིན་རྣམ་དག་ཆོས་སྐུའི་གཞལ་ཡས་ནས། །དཀར་ཕྱོགས་ སྐྱོང་བ་འཁོར་བཅས་སྤྱན་འདྲེན་ན། །བསྟན་པ་བསྲུང་ཞིང་དགྲ་བགེགས་ཚར་གཅོད་ཕྱིར། །འདིར་གཤེགས་དམ་ཆིག་པ་དང་དབྱེར་མེད་གྱུར། །བདེ་ཆེན་རང་བཞིན་མཚན་ལྡན་ཀ་བཱ་ལར། །མ་རུངས་བསྒྲལ་ བའི་ཤ་ཁྲག་གཏོར་མའི་ཚོགས། །སྤྱངས་རྟོགས་སྦར་བའི་བདུད་རྩིའི་རྒྱ་མཚོ་འདི། །དམ་ཅན་ཆོས་སྲུང་འཁོར་བཅས་མཉེས་ཕྱིར་འབུལ། །ལན་གསུམ། ཉེར་སྤྱོད་འདོད་ཡོན་ལྔ་དང་རིན་ཆེན་བདུན། །དྲེའུ་ རྟ་བྱ་འབྲི་ཁྱི་དང་རྭ་སྐྱེས་ཚོགས། །དམ་རྫས་སྤྱན་གཟིགས་འཛིན་མའི་ཁྱོན་གང་བས། །བསྟན་སྲུང་འཁོར་བཅས་དགྱེས་བ་བསྐྱེད་གྱུར་ཅིག་དེ་ནས་བསངས་དང་གསེར་སྐྱེམས་བཤམས་ལ། ཨོཾ་ཨཱ་ཧཱུཾ། ལན་ གསུམ་གྱི་བྱིན་གྱིས་བརླབས་ཏེ། རབ་འབྱམས་ཞིང་གི་རྨད་བྱུང་སྤོས་སྣའི་ཚོགས། །ཡེ་ཤེས་མེ་ཡི་བསྲེགས་པའི་དུད་པའི་སྤྲིན། །ཆུ་འཛིན་ལྟ་བུས་ལྷ་ལམ་ཁྱོན་འགེངས་པས། །དཀར་ཕྱོགས་སྐྱོང་བའི་ལྷ་བསྲུང་ [003B] །དངོས་གྲུབ་ཀུན་འབྱུང་རྩ་བརྒྱུད་བླ་མ་དང། ཁམས་གསུམ་ཟ་བྱེད་བཅོམ་ལྡན་གཤིན་རྗེའི་གཤེད། །ཡི་དམ་ལྷ་ཚོགས་མཆོག་གསུམ་འཁོར་བཅས་ཀྱིས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་ འདི་བཞེས་ལ། །བདག་གི་མགོན་སྐྱབས་དཔུང་གཉེན་གཟུ་དང་དབང། །མཛད་ནས་ཚེ་བསོད་དཔལ་འབྱོར་རྒྱས་པ་དང། །མི་ནད་ཕྱུགས་ནད་དགྲ་ཇག་ཆོམ་རྐུན་དང། །ལམ་འཕྲེང་ཆུ་བོའི་འཇིགས་ལས་མྱུར་པ་སྒྲལ་ནས། །མཆོག་ མཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །རབ་ཁྲོས་སྲིན་མོའི་གཟུགས་ཅན་དཔལ་ལྷ་མོ། །དམག་ཟོར་རྒྱལ་མོ་རྡོ་རྗེ་རབ་བརྟན་མ། །གསེར་སྐྱེམས་ ྾ ། བདག་གི་ ྾ ། མཛད་ནས་ ྾ ། མི་ནད་ ྾ ། ལམ་འཕྲེང་ ྾ ། མཆོག་མཐུན་ ྾ ། མཚོ་སྐྱེས་རྡོ་རྗེ་མར་མེ་མཛད་སོགས་ཀྱི། །བཀའ་སྔོད་ནེ་སེར་ལྷ་ཡི་དགེ་བསྙེན་ཆེ། །རྡོ་ལེགས་ཐང་ལྷ་རྡོ་རྗེ་གཡུ་སྒྲོན་བཅས། །གསེར་སྐྱེམས་ ྾ ། བདག་ གི་ ྾ ། མཛད་ནས་ ྾ ། མི་ནད་ ྾ ། ལམ་འཕྲེང་ ྾ ། མཆོག་མཐུན་ ྾ ། རྒྱལ་ཆེན་སྐུ་ལྔ་དཔལ་མགོན་བདུན་ཅུའི་ཚོགས། །ཚེ་རིང་མཆེད་ལྔ་བརྟན་མ་བཅུ་གཉིས་དང། །ཉི་ཟླ་གཟའ་སྐར་ཡུལ་ལྷ་གཞི་བདག་བཅས། །གསེར་སྐྱེམས་ ྾ ། བདག་གི་ ྾ ། མཛད་ནས་ ྾ ། མི་ནད་ ྾ ། ལམ་འཕྲེང་ ྾ ། མཆོག་མཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །བསྟོད་པ་ནི། རྡོ་རྗེ་འཆང་གི་སྤྱན་སྔར་དམ་བཅས་ཤིང། །དགྲ་བགེགས་ཚར་གཅོད་བསྟན་པའི་བྱར་མཁན། །རྣལ་འབྱོར་བུ་ [004A]༄༅། །བཞིན་སྐྱོང་བའི་དམ་ཚིག་ཅ་མཐུ་ལྡན་ཆོས་སྐྱོང་བསྲུང་མའི་ཚོགས་ལ་བ་སྟོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །ཕ་རོལ་རྦོད་གཏོང་ངན་སྔགས་དམོད་པ་དང། །བྱད་ཕུར་ལོ་ཟླ་ཞག་གི་ སྐེག་ལ་སོགས། །ཉེར་འཚེ་མ་ལུས་ཞི་བའི་འཕྲིན་ལས་མཛོད། །ཡང་དག་ལམ་བཟང་བསྒྲུབ་ལ་བར་གཅོད་པའི། །ནག་པོའི་རྩ་ལག་མ་ལུས་ཚར་བཅད་ནས། །ལུས་ཅན་ཕན་བདེའི་རྩ་བ་རྒྱལ་བའི་བསྟན། །རྒྱས་པར་མཛོད་ཅིག་ མཐུ་ལྡན་བསྲུང་མའི་ཚོགས། །ཅེས་ཐུབ་པའི་བསྟན་སྲུང་གི་གཙོ་བོ་རྣམས་ལ་གཏོར་འབུལ་གསེར་སྐྱེམས་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཟིང་ཚོང་པ་རྒྱ་ནང་རྗེ་དྲུང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བསྐུལ་བའི་ངོར། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། མངྒ་ལཾ།། ༈ །།ན་མོ་བཛྲ་བཧཻ་ར་ཝཱ་ཡ། འཇམ་དཔལ་ཞི་ཁྲོའི་བཀའ་ཉན་ཀུན་གྱི་གཙོ། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས། །ཞི་རྒྱས་དབང་དྲག་ ལས་ལ་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་དབང་གི་གནས་འདིར་གཤེགས། །མདུན་གྱི་ནམ་མཁར་དུས་མཐའི་མེ་དཔུང་དབུས། །མིག་སྨན་མདོག་ཅན་ཟ་བྱེད་མ་ཧེའི་གདོང། །ཐོད་དབྱུག་ཞགས་པས་མ་རུངས་ཚར་གཅོད་ སྐུ། །རབ་ཁྲོས་མ་ཧེའི་གདན་ལ་བརྟན་པར་བཞུགས། །རྡོ་རྗེ་ཁུ་ཚུར་ནང་དུ་བསྔམས་པའི་སྲིན་མཛུབ་གཉིས་རྩེ་སྤྲད་བ་ཐུར་དུ་བསྟན་ནས། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་སམ་ཡ་སྟྭཾ། ཞེས་བརྗོད་དེ་དེའི་འཁོར་གདུག་བ་ཅན་རྣམས་ཀྱི་མི་ [004B] ལྷུན་གྲུབ་སྤྲོས་བྲལ་དབྱེར་མེད་བདེ་ཆེན་དང། །ཕྱི་ནང་དམ་རྫས་སྤྱན་གཟིགས་མཆོད་པའི་སྤྲིན། །ཞིང་རབ་རྒྱ་མཚོའི་ཁྱོན་ཀུན་འགེངས་པ་འདིས། །དམ་ཅན་འཁོར་བཅས་རབ་ཏུ་དགྱེས་གྱུར་ཅིག་ཆོས་ ཀུན་གནས་ལུགས་ངང་དུ་རོ་གཅིག་ཀྱང། །ཕྲ་ཞིབ་རྟེན་འབྲེལ་ནམ་ཡང་མི་བསླུའི་ཕྱིར། །ཆུ་ཟླ་ཇི་བཞིན་ནོངས་པ་ཅི་མཆིས་པ། །ཆོས་ཀྱི་རྒྱལ་པོ་འཁོར་བཅས་སྤྱན་སྔར་བཤགས། །ཀུན་བསལ་ཁྱོན་ལྟར་ཡངས་པའི་ཀ་པཱ་ ལར༑ ༑དགྲ་བགེགས་ཤ་ཁྲག་གཏོར་ཚོགས་རི་ལྟར་སྤུངས། །རོ་བརྒྱ་ལྡན་པའི་བདུད་རྩིའི་རྒྱ་མཚོ་འདི། །ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཞེས་ལན་གསུམ། དགེ་ཅན་བྱང་ཆུབ་བསྒྲུབ་པའི་གྲོགས་མཛད་ཅིང། ། སྡིག་ཅན་མངོན་སྤྱོད་དྲག་པོས་ཚར་གཅོད་མཁན། །ལེགས་ཉེས་ཚུལ་བཞིན་སྤྱོད་མཛད་ཆོས་ཀྱི་རྒྱལ། །ཡབ་ཡུམ་འཁོར་དང་བཅས་ལ་བསྟོད་པར་བགྱི། །དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །མི་བཟང་ དྲག་པོའི་སྐུར་བསྟན་གཤིན་རྗེའི་རྒྱལ། །འཁོར་དང་བཅས་པས་རྒྱལ་བ་གཉིས་པའི་བསྟན། །བསྲུང་སྐྱོབ་སྤེལ་བའི་འཕྲིན་ལས་གཡེལ་མེད་སྒྲུབས། །ཁྱད་པར་རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །སྡང་དགྲ་གནོད་ བགེགས་མ་ལུས་ཚར་བཅད་ནས། །ལུང་རྟོགས་ཡོན་ཏན་དཔལ་འབྱོར་སྙན་གྲགས་སོགས། །མཐུན་རྐྱེན་ལེགས་ཚོགས་གོང་དུ་འཕེལ་བར་མཛོད། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །ཆོས་ཀྱི་རྒྱལ་པོས་འབྲལ་ [005A]༄༅། །མེད་རྗེས་བཟུང་སྟེ། །དཀར་ནག་ལས་ཀྱི་བླང་དོར་མཐར་ཕྱིན་ནས། །བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག་ཅེས་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་གཏོར་མ་མདོར་བསྡུས་འབུལ་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་འདི་ཁའི་གྲྭ་ རིགས་མཁར་ཆེན་ཝང་གི་ཤོག་དགེ་ཚུལ་བློ་བཟང་དོན་གྲུབ་ཀྱིས་བསྐུལ་བའི་དོར། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། མངྒ་ལཾ།། ༈ །།ན་མོ་ཀཱ་ལི་དེ་ཝཱི་ཡ། རྫས་ སྔགས་སྒྲུབ་དང་ཏིང་འཛིན་ཕྱག་རྒྱ་ཡི། །ཁྱད་པར་ལྔ་ལྡན་དམ་རྫས་མཆོད་གཏོར་ཚོགས། །ཟག་མེད་ལྷན་སྐྱེས་བདེ་ཆེན་རྣམ་རོལ་ལས། །བྱུང་བས་རབ་འབྱམས་ཞིང་ཀུན་གང་གྱུར་ཅིག་རབ་དམར་ཁྲག་མཚོ་རླུང་ནག་ གུར་གྱི་ནང། །རབ་དྲག་ཆས་ཀྱིས་བརྒྱན་པའི་དྲེའུ་སྟེང། །རབ་ཁྲོས་སྲིན་མོའི་གཟུགས་ཅན་ར་མ་ཏི། །རབ་གཉན་འཁོར་ཚོགས་དང་བཅས་བརྟན་པར་བཞུགས། །ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་དཔལ་ལྷ་མོ། །ཁྱོད་ནི་ འདོད་ལ་ཆགས་པའི་ཉེས་བྲལ་ཡང། །མཆོག་མཐུན་དངོས་གྲུབ་དམ་པ་སྩོལ་བའི་ཕྱིར། །མཆོད་པའི་ཚོགས་འདིས་དགྱེས་པ་བསྐྱེད་གྱུར་ཅིག་སེམས་ཉིད་རང་བཞིན་མཁའ་ལྟར་སྤྲོས་བྲལ་ཡང། །མ་རིག་དབང་གིས་ཉེས་ བའི་ཆུ་འཛིན་ཚོགས། །དགེ་སྡིག་ཆོས་བཞིན་གཅོད་མཛད་གཤིན་རྗེའི་ལྕམ། །ཁྱོད་ཀྱི་ཐུགས་རྗེའི་ཤུགས་ཀྱིས་བྱང་བར་མཛོད། །མ་རུངས་སྙིང་ཁྲག་མཆོད་ཡོན་རྒྱ་མཚོར་འཁྱིལ། །མ་སྙིགས་དབང་པོའི་མེ་ཏོག་བཅལ་དུ་ [005B] །མ་ལུས་ལྷ་ལམ་འགེངས་པའི་གསུར་ཆེན་སྤོས། །མ་གཅིག་འདོད་ཁམས་དབང་མོ་མཉེས་ཕྱིར་འབུལ། །མ་རིག་མུན་འཇོམས་བཞུན་ཆེན་སྒྲོན་མེ་དང། །མ་ལུས་དགྲ་བགེགས་བསྒྲལ་བའི་མཁྲིས་པའི་དྲི། །མ་མོའི་ ཟས་མཆོག་ཤ་རུས་ཞལ་ཟས་འདིས། །མ་བརྒྱུད་བསྲུང་མའི་ཚོགས་རྣམས་མཉེས་གྱུར་ཅིག་མ་བཅོས་གནས་ལུགས་སྟོན་པའི་ཟབ་མོའི་དབྱངས། །མ་སྒྲགས་ལྷུན་གྲུབ་རོལ་མོའི་སྒྲ་ལ་སོགས། །མ་ཚང་མེད་པར་བཤམས་པའི་ མཆོད་སྤྲིན་འདི། །མ་སྨད་དངོས་གྲུབ་སྩོལ་ཕྱིར་བཞེས་སུ་གསོལ། །ཞེས་ཐུགས་དམ་བསྐངས་ནས་གཏོར་འབུལ་ནི། མ་དག་ཐ་མལ་ལུས་ཀྱི་དྲི་མ་ལྔ། །ལྔ་ལྡན་ཡེ་ཤེས་ངོ་བོར་རབ་སྦྱངས་པའི། །ཟག་མེད་བདུང་རྩིའི་གཏོར་ཚོགས་རྒྱ་ མཚོ་འདི། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །ལན་གསུམ་བརྗོད་དེ་ནས་བསངས་རྫས་བསྲེགས་ཤིང། གསེར་སྐྱེམས་བཤམས་ལ། ཨོཾ་ཨཱ་་ཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ། ཡེ་ཤེས་སྣང་བ་འབར་བའི་ཞུགས་ཀྱི་ནང། ། ཕུན་ཚོགས་དྲི་བསུང་ལྡན་པའི་སྤོས་སྣ་འབུམ། །བསྲེགས་བའི་དུད་སྤྲིན་སྟོང་གསུམ་ཁྱོན་འགེངས་པས། །འདོད་ཁམས་དབང་ཕྱུག་འཁོར་དང་བཅས་པ་བསངས། །འབྲུ་བཅུད་རིན་ཆེན་སྦྱར་བའི་གསེར་སྐྱེམས་འདི། །དམག་ ཟོར་རྒྱལ་མོ་འཁོར་བཅས་ལ་འབུལ་གྱི། །བཞེས་ནས་གཞིས་སུ་ཚེ་བསོད་དཔལ་འབྱོར་རྒྱས། །བྱེས་སུ་ལམ་འཕྲང་དགྲ་ཇག་འཇིགས་ལས་སྐྱོབས། །རྒྱལ་བསྟན་བཤིག་ཅིང་བླ་མའི་སྐུ་ལ་བསྡོས། །རྣལ་འབྱོར་དགོས་དགྲ་ [006A]༄༅། །སྐྱེ་འགྲོའི་ཕན་བདེའི་གཤེད། །བདེན་མེད་གདུག་ཅན་མི་དང་མི་མིན་ཚོགས། །དྲག་པོའི་ཆད་པས་མྱུར་དུ་ཚར་གཅོད་མཛོད། །དེ་ནས་བསྟོད་པ་ནི། མུ་ལེ་དིང་གི་ཐུགས་རྗེའི་རྒྱ་མཚོ་ཆེ་ར། །བཙན་མཁར་སྐུ་ བཞི་ཡེ་ཤེས་ལྔ་ཡི་ནང། །མི་རྟ་ཁྲག་གི་སྟོབས་བཅུའི་གར་བསྒྱུར་མ། །གནས་གསུམ་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །རྒྱལ་བ་ཀུན་གྱི་ཡུམ་གཅིག་དབྱངས་ཅན་མ། །དྲག་མོའི་སྐུར་བསྟན་དཔལ་ལྡན་རེ་མ་ཏི། ། མཆོད་བསྟོད་བསྒྲུབ་པས་དེང་ནས་བྱང་ཆུབ་བར། །དེ་སྲིད་དོན་ཀུན་འགྲུབ་པའི་གྲོགས་མཛོད་ཅིག་གངས་ལྗོངས་འགྲོ་བའི་མགོན་པོ་སྣང་མཐའ་ཡས། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཞབས། །ཞབས་པད་སྲིད་ མཐའི་བར་དུ་བརྟན་པ་དང། །ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཁྱད་པར་སེར་ཁང་མི་ཚན་དགེ་འདུན་རྣམས། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་བ་དང། །ཚེ་བསོད་དཔལ་འབྱོར་རབ་ཏུ་ རྒྱས་ལ་སོགས། །འཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ནི་རྩེ་ཇ་ཞུ་འདྲེན་པར་འགྲོ་མི་ཞབས་དྲུང་རྒྱལ་མཚན་གྲགས་པས་གསེར་ཁང་མི་ཚན་གྱི་ཚོགས་འདོན་དུ་བཙུགས་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལ་ བརྟེན་ནས། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། མངྒ་ལཾ།། ༈ །།ན་མོ་བཻ་ཤྲ་ཝ་ཎ་ཡེ། དབང་སྔོན་མདོག་ཅན་མགྱོགས་འགྲོའི་གདན་གྱི་སྟེང། །ས་བཅུའི་ [006B] །གཟའ་བདུད་གནོད་སྦྱིན་བྱེ་བའི་འཁོར་དང་བཅས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོར་རྟག་ཏུ་རོལ། །སྲིད་ཞིའི་གཡུལ་བཟློག་བསེ་ཡི་མདུང་དམར་དང། །ཕོངས་པའི་ནད་སེལ་ གཏེར་གྱི་ནེའུ་ལེ་འཛིན། །རྟ་བདུན་བདག་པོའི་གཟི་བྱིན་སྟོང་འབར་བའི། །རིན་ཆེན་མང་སྤྲུལ་འཁོར་བཅས་བསྟོད་པར་བགྱི། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱེས་བུ་ཀུན། །ཀུན་ཏུ་གཡེལ་མེད་སྐྱོང་ཞེས་སྟོན་པའི་གསུང། །གསུང་ བཞིན་རང་གི་ཞལ་བཞེས་རྣམ་ཐོས་སྲས། །སྲས་བཅས་མདུང་དམར་རྟ་སྔོན་ཅན་ལ་བསྟོད། །སྲིང་ཞིའི་མཐའ་ལས་འདས་ཀྱང་འཇིག་རྟེན་གྱི། །ཚུལ་བསྟན་སྤྲུལ་པའི་ཟློས་གར་སྣ་ཚོགས་པས། །བདུད་དཔུང་ཚར་གཅོད་དངོས་ གྲུབ་སྩོལ་བའི་ལྷ། །རྒྱལ་ཆེན་སྐུ་ལྔ་འཁོར་བཅས་བསྟོད་པར་བགྱི། །ཡིད་མཚོར་ཏིང་འཛིན་པིར་གྱི་བྲིས་པ་བཞིན། །སྣང་སྟོང་སྒྱུ་མ་ལྟ་བུར་ཁྱོད་ཀྱི་སྐུ། །བསྒོམ་ཞིང་རྩེ་གཅིག་གུས་བས་གསོལ་བཏབ་མཐུས། །བྱང་ཆུབ་བར་དུ་ འབྲལ་མེད་རྗེས་འཛིན་ཤོག་རྒྱལ་བའི་བཀའ་དང་དགོངས་འགྲེལ་འགྱུར་རོ་ཅོག་དུས་བཞིར་བཀླགས་པའི་དགེ་འདིས་རྒྱལ་བའི་བསྟན། །ཕྱོགས་བཅུར་རྒྱས་ཤིང་དེ་འཛིན་ཀུན་གྱི་གཙོ། །རྒྱལ་དབང་ཡབ་སྲས་བསྐལ་བརྒྱར་ ཞབས་བརྟན་ཤོག་རྣམ་སྲས་རྒྱལ་ཆེན་སྐུ་ལྔའི་འཕྲིན་ལས་ཀྱི། །དགོན་གནས་འདི་ཡི་དགེ་འདུན་ཐུགས་མཐུན་ཞིང། །ཁྲིམས་གཙང་བཤད་སྒུབ་འདོད་དགུའི་འབྱོར་པ་རྣམས། །དབྱར་མཚོ་ཇི་བཞིན་གོང་དུ་འཕེལ་བར་ཤོག་ [007A]༄༅། །མངྒ་ལཾ། །ཞེས་པ་འདི་ནི་འོར་ཏུ་སུ་ད་ལས་བའི་སེ་གཡུང་དྲུང་རྡོ་རྗེའི་ཤོག་དགེ་སློང་སངས་རྒྱས་བཀྲ་ཤིས་ཀྱིས་བཏབ་པའི་དགོན་གནས་བདེ་ཆེན་སྤོ་རིང་དུ་དུས་ཆེན་བཞི་སོ་སོའི་དུས་སུ་་བཀའ་བསྟན་གསུང་སྒྲོག་ཞུས་པ་་རྒྱལ་བ་ཡབ་ སྲས་ཀྱི་ཞབས་བད་ཡུན་རིང་དུ་བརྟན་པའི་རྒྱུར་བསྔོ་བ་དང། རྣམ་སྲས་མདུང་དམར་དང། རྒྱལ་ཆེན་སྐུ་ལྔར་འཕྲིན་འཆོལ་གཉེར་གཏད་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱིས་གཟིམས་ ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ བསྟན་སྲུང་དམ་ཅན་རྒྱ་མཚོར་མཆོད་ཅིང་འཕྲིན་ལས་འཆོལ་བ་ལ་ཡི་དམ་འདི་ཉིད་ཀྱི་སྒྲུབ་ཐབས་ཀྱི་ལུང་དང་དབང་རྗེས་གནང་སོགས་ཐོབ་པའི་གང་ཟག་ གིས༑ གནས་ཁང་བྱི་དོར་བྱས་ལ་ནང་མཆོད་མཆོད་གཏོར་སོགས་ལག་ལེན་བཞིན་བཤམས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། དམིགས་པ་བརྟན་པོས། སྤྲོས་བྲལ་ཆོས་དབྱིངས་དང་ལས་པད་ཉིའི་སྟེང། །རང་ཉིད་ གསང་བའི་བདག་པོ་ཕྱག་གཡས་ཀྱི། །རྡོ་རྗེ་འཕྱར་ཞིང་ཕྱག་གཡོན་བསྡིགས་མཛུབ་ཅན། །གཏུམ་ཆེན་དྲག་པོའི་སྐུ་རུ་བཞེངས་པར་གྱུར། །མདུན་གྱི་ནམ་མཁར་ཆོས་འབྱུང་པད་ཉིའི་སྟེང། །དམག་ཟོར་ལྷ་མོ་རྡོ་རྗེ་རབ་ བརྟན་མ། །རི་ཕུག་རྣམ་སྲས་ཚངས་པ་ཞི་དྲག་དང། །བེཀྩེ་ནེ་སེར་དང་བཅས་བརྟན་པར་བཞུགས། །ཨོཾ་ཨཱ་ཧཱུཾ་གིས་སྦྱངས་རྟོགས་སྤར་བ་ཡི། །ཕྱི་ནང་ཉེར་སྤྱོད་དམ་རྫས་སྤྱན་གཟིགས་སོགས། །མ་ཚང་མེད་པར་བཤམས་ [007B] །ནོར་འཛིན་ལྷ་ལམ་ཁྱོན་ཀུན་གང་གྱུར་ཅིག་རབ་འབྱམས་ཞིང་གི་ཁྱོན་ལྟར་ཡངས་པ་ཡི། །ཚད་ལྡན་དུམ་བུ་གཅིག་པའི་བདེ་སྐྱོང་ནང། །ངམ་རྫས་རྒྱན་ལྡན་གཏོར་མས་རབ་བཀང་སྟེ། །མཐུ་ལྡན་ཆོས་ སྲུང་འཁོར་དང་བཅས་ལ་འབུལ། ལན་གསུམ། ཆོས་དབྱིངས་མེ་རླུང་འཁྲུགས་པའི་གུར་གྱི་ནང། །སྲིན་མོའི་གཟུགས་འཆང་དམག་དང་ཟོར་གྱི་ལྷ། །ནག་ཕྱོགས་མིང་མཐར་བསྐྲད་ཀྱང་རྒྱལ་བའི་བསྟན། །འཕྲིན་ལས་རྣམ་ བཞིས་སྐྱོང་མཛད་ཁྱོད་ལ་བསྟོད། །སྤྲིན་གྱི་ཤུགས་འཆང་དྲེའུ་སྟེང་བཞུགས་པའི། །རབ་ཁྲོས་སྲིན་མོའི་གཟུགས་ཀྱི་བདུད་སྡེའི་སྙིང། །ལྐོག་མར་འབྱིན་ཀྱང་སྒྲུབ་ལ་འདོད་དགུའི་ཆར། །འབེབས་མཛད་རྡོ་རྗེ་རབ་བརྟན་གུས་ པས་བསྟོད། །ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ་ལ་སོགས། །རྩ་བརྒྱུད་བླ་མའི་བཀའ་བཞིན་རྒྱལ་བའི་བསྟན། །བསྲུང་ལ་ཟླ་བྲལ་རྡོ་རྗེ་རི་ཕུག་ཞེས། །གྲགས་སྙན་སྲིད་གསུམ་བརྒལ་བ་ཁྱོད་ཕྱག་འཚལ། །གསེར་འོད་ལན་ བརྒྱར་བྱུགས་པའི་གཟི་ལྡན་སྐུ། །ཞལ་ནས་འགྲོ་ལ་རིན་ཆེན་ཆར་འབེབས་ཤིང། །ཐུགས་རྗེས་ཕོངས་པའི་སྡུག་བསྔལ་སེལ་མཛད་པའི། །ས་བརྒྱད་དབང་ཕྱུག་རྣམ་ཐོས་སྲས་ལ་བསྟོད། །དུས་གསུམ་རྒྱལ་བའི་བསྟན་པ་ བསྲུང་བའི་ཕྱིར། །སྲིད་གསུམ་བདུད་དཔུང་ཚོགས་རྣམས་མཐར་མཛད་ཅིང། །སྐུ་གསུམ་རྡོ་རྗེའི་མངའ་བདག་རྣམ་ཐོས་སྲས། །ལས་གསུམ་སྒྲུབ་མཛད་མདུང་དམར་ཅན་ལ་འདུད། །འབར་བའི་ཟངས་གྲི་མདུང་དམར་འཕྱར་ [008A]༄༅། །ཙམ་གྱིས། །བདུད་སྡེའི་ཙིཏྟ་དུམ་བུར་གཏུབ་བྱེད་ཅིང། །ཐབས་ཤེས་མདའ་གཞུས་རྒྱལ་བསྟན་དབྱར་མཚོ་ལྟར། །སྤེལ་མཛད་བེཀྩེ་ལྕམ་དྲལ་འཁོར་བཅས་བསྟོད། །འཇིག་རྟེན་འདས་ཀྱང་འཇིག་རྟེན་བྱེད་པོའི་ཚུལ། ། བཟུང་ནས་བློ་རྨོངས་འགྲོ་ལ་ལྐོག་གྱུར་གནས། །ཇི་བཞིན་སྟོན་མཛད་ཞི་དྲག་ཚངས་པ་ཆེ། །སྙིགས་དུས་བསྟན་པའི་སྲོག་ཤིང་བཟུང་ལ་བསྟོད། །བཀྲ་ཤིས་འདབ་བརྒྱ་བཞད་པའི་ལྟེ་བ་རུ། །ཆོས་སྲིད་སྦྲང་རྩི་ལྷུན་པོའི་བཅུང་ ཆགས་བ། །ཆོས་གྲྭ་པདྨོའི་ཚལ་འདི་རྣམ་ཀུན་ཏུ། །སྐྱོང་མཛད་ལྷ་ཡི་དགེ་བསྙེན་འཁོར་བཅས་བསྟོད། །ཕྱི་ནང་བར་ཆད་བསྲུང་བའི་མཐུ་རྩལ་ཅན། །ལྷ་མིའི་དཔལ་མགོན་ཆོས་སྲུང་ཚོགས་རྣམས་ཀྱི། །ལུས་ཅན་ཕན་བདེའི་ འབྱུང་གནས་རྒྱལ་བའི་བསྟན། །དར་རྒྱས་ཡུན་རིང་གནས་པའི་འཕྲིན་ལས་མཛོད། །དེ་འཛིན་སྐྱེས་བུ་ཀུན་གྱི་གཙུག་གི་རྒྱན། །རྣམ་འདྲེན་རྒྱལ་དབང་ཡབ་སྲས་ཞབས་པད་ཟུང། །སྲིད་མཐར་བརྟན་ཅིང་འགྲོ་ཀུན་ཆོས་འབྱོར་གྱི།། དཔལ་ལ་སྤྱོད་པའི་འཕྲིན་ལས་གཡེལ་མེད་སྒྲུབས། །མཆོད་བསྟོད་གསོལ་འདེབས་རྣམ་དཀར་སྤྲིན་ཕུང་ལས། །མཆོག་མཐུན་དངོས་གྲུབ་ཆར་ཆེན་ལེགས་ཕབ་ནས། །ཕན་བདེའི་པད་ཚལ་རབ་ཏུ་རྒྱས་པ་ཡི། །རྣམ་གྲོལ་སྦྲང་ རྩིའི་བཅུད་ཀྱིས་འཚོ་གྱུར་ཅིག་ཅེས་པ་འདི་ནི་རོང་དགའ་ལྡན་བྱམས་པ་གླིང་གི་གྲྭ་རིགས་ཡེ་ཤེས་དར་རྒྱས་ནས་རྒྱུན་ལྡན་དག་འདོན་དུ་བགྱིས་ཆོག་པའི་་དམག་ཟོར་མ་དང་རྡོ་རྗེ་རབ་བརྟན། རྡོ་རྗེ་རི་ཕུག་རྣམ་སྲས། ཚངས་པ་ཞི་དྲག། བེཀྩེ། ནེ་སེར་བ་བཅས་ལ་མཆོད་ [008B] ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུབ་བཀའ་གདམས་ཕོ་བྲང་དུ་བགྱིས་པའོ།། མངྒ་ལཾ།། ༈ །། ན་མོ་བཛྲ་བཧཻ་ར་ཝཱ་ཡ། འདིར་་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒོ་ནས་དགྲ་བགེགས་རྨོངས་རེངས་ཚར་གཅོད་པ་བཅས་ཀྱི་སྦྱིན་སྲེག་གི་སྤེལ་ཚིག་ནི། ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་དངོས། །ཞི་ཆགས་ཁྲོ་བོའི་དབུ་དགུ་འབར་བ་ཅམ་ ཕྱི་ནང་གཤིན་རྗེ་མཐར་བྱེད་བཅུ་གསུམ་ལྷའི། །རྟེན་དང་བརྟེན་པར་ཤར་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་མཆོད་བསྟོད་སྒོམ་བཟླས་སྒྲུབ་པའི་མཐུས། །རྒྱལ་བསྟན་ཉེས་མེད་སྐྱེ་འགྲོའི་ཕན་བདེའི་གཤེད། །བདུད་དང་ནག་པོའི་ ཕྱོགས་ཀྱིས་ཡིད་བསྐྱོད་པའི། །ལོག་པའི་བསམ་སྦྱོར་མ་ལུས་ཞི་གྱུར་ཅིག་མི་བཟད་ཁྲོ་གཏུམ་སྣ་ཚོགས་མཚོན་འཛིན་པའི། །སྤྲུལ་པའི་གཤིན་རྗེས་གནམ་སའི་ཁྱོན་བཀངས་ཏེ། །གངས་ལྗོངས་སྐྱེ་འགྲོའི་བདེ་འབྲས་ལ་འཁུ་ བའི༑ ༑དགྲ་བགེགས་མ་ལུས་མྱུར་དུ་ཚར་གཅོད་མཛོད། །ཅེས་པ་འདི་ནི་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་གངས་ལྗོངས་བསྟན་འགྲོ་སྤྱིའི་བདེ་ཐབས་སུ་་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་དྲག་པོ་དང་རྨོངས་རེངས་བཅས་ཀྱི་སྦྱིན་སྲེག་མཛད་པའི་ འཕྲིན་འཆོལ་དུ། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།ན་མོ་བཧཻ་ར་ཝཱ་ཡ། འདིར་ཆོས་སྐྱོང་དྲེགས་པ་ལྕམ་སྲིང་དང་ལྷ་ཆེན་ཚངས་པ་ [009A]༄༅། །ཞི་དྲག་འཁོར་བཅས་ལ་མཆོད་གཏོར་མདོར་བསྡུས་འབུལ་བར་འདོད་པས། ཉེར་སྤྱོད་ནང་མཆོད་གཏོར་མ་དང་བཅས་པ་ཕྱག་ལེན་བཞིན་བཤམས་ལ་རང་ཉིད་གཤིན་རྗེ་གཤེད་ལ་སོགས་པའི་ཡི་དམ་གང་ཡང་རུང་བའི་ང་རྒྱལ་བརྟན་པོས་ནང་མཆོད་ མཆོད་གཏོར་དང་བཅས་པ་བྱིན་གྱིས་བརླབས་ནས་འདི་ལྟར།། ༈ །རྣམ་ཀུན་མཆོག་ལྡན་གདོང་མའི་རང་བཞིན་ལས། །བྱུང་བའི་གཏོར་ཚོགས་དམ་རྫས་མཆོད་པའི་སྤྲིན། །འབྲུ་གསུམ་སྔགས་ཀྱི་བདུད་རྩིར་བྱིན་བརླབས་པས། ། བར་སྣང་འཛིན་མའི་ཁྱོན་ཀུན་གང་གྱུར་ཅིག་མདུན་གྱི་ནམ་མཁར་པང་ཉི་བམ་ཆེན་སྟེང། །བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །བེཀྩེ་ལྕམ་དྲལ་ལས་མཁན་སྲོག་བདག་དམར། །འཁོར་དང་བཅས་པ་དགྱེས་བཞིན་ བརྟན་པར་བཞུགས། །རྣམ་པར་སྣང་མཛོད་ས་བཅུའི་རྒྱལ་སྲས་ཀྱི། །ཚུལ་བསྟན་རིན་ཆེན་མང་སྤྲུལ་ཚངས་པ་ཆེ། །ཞི་དྲག་འཁོར་དང་བཅས་པ་སྤྱན་འདྲེན་ན། །དམ་པ་ཅས་ཐུགས་དམ་དབང་གིས་གནས་འདིར་གཤེགས། ། ཚད་ལྡན་དུམ་བུ་གཅིག་པའི་ཐོད་པའི་ནང། །ཞིང་བཅུ་བསྒྲལ་བའི་ཤ་ཁྲག་གཏོར་མའི་ཚོགས། །དངོས་གྲུབ་གསལ་མྱུར་འགུགས་པའི་ལྕགས་ཀྱུ་འདི། །ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། ལན་གསུམ། ར་ ཁྲག་མྱོས་བྱེད་སྦྱར་བའི་ཨརྒྷཾ་དང། །ཉེར་སྤྱོད་འདོད་ཡོན་ལྔ་དང་རིན་ཆེན་བདུན། །ཕྱི་ནང་དམ་རྫས་སྤྱན་གཟིགས་མཆོད་སྤྲིན་ཚོགས། །དགྱེས་བཞིན་བཞེས་ནས་འཕྲིན་ལས་རྣམ་བཞི་སྒྲུབས། །རབ་བརྗིད་པད་ [009B] །དྲན་པའི་མོད་ལ་བསྟན་དགྲ་ཚར་གཅོད་ཅིང། །སྒྲུབ་ལ་མཆོག་མཐུན་དངོས་གྲུབ་སྩོལ་མཛད་པའི། །ལྕམ་དྲལ་ཚངས་པ་འཁོར་དང་བཅས་ལ་བསྟོད། །མཆོད་བསྟོད་བགྱིས་པའི་དགེ་ བའི་རྩ་བ་ཡིས། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་སུ་བཟུང་སྟེ་བས་མ་དོན་རྣམས། །རེ་བ་ཇི་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །རྒྱལ་བའི་བསྟན་དང་རྣལ་འབྱོར་བདག་ཅག་ལ། །ལོག་པར་འཁུ་པའི་ མི་དང་མི་མིན་ཚོགས། །མངོན་སྤྱོད་ལས་ཀྱི་མྱུར་དུ་ཚར་བཅད་ནས། །བཀྲ་ཤིས་རྒྱ་མཚོ་ཅིར་ཡང་འབར་བར་མཛོད། །ཅེས་པ་འདི་ནི་གཟིམས་འགག་བླ་མ་དཀའ་ཆེན་བློ་བཟང་དགེ་ལེགས་ནས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་པའི་ངོར་ ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག་ཚེ་བདག་ཡེ་ཤེས་རང་སྣང་ལས་གྲུབ་ཅིང། །ལྗོན་ཤིང་གཡུ་ལོ་རྒྱས་པའི་ཚང་ ཚིང་དབུས། །སྨན་ལྗོངས་དྲི་བཟང་དང་ལྡང་དུས་གསུམ་དུ། །མེ་ཏོག་ལྡིང་ཁང་བཀྲ་བའི་གནས་མཆོག་འདིར། །བག་ཕེབས་གཉུག་མར་འཁོད་པའི་དཔལ་ལྷ་མོ། །ཁྱོད་ཉིད་དགྱེས་ཕྱིར་ཀུན་བཟང་མཆོད་སྤྲིན་དང། །ལྷན་ ཅིག་དབང་སྔོན་མདངས་ཆགས་སྙན་ཤལ་འདི། །འབུལ་གྱིས་ཆོས་དབྱིངས་བདེ་ཆེན་ངང་ནས་བཞེས། །ཁྱོད་སྔོན་དཔག་མེད་རྒྱལ་བའི་སྤྱན་སྔ་རུ། །བསྟན་དང་འགྲོ་ཕན་བསྒྲུབ་པར་དམ་བཅས་བཞིན། །དུས་འདིར་བདག་ [010A]༄༅། །ཅག་འཁོར་དང་བཅས་པ་ལ། །བསྲུང་སྐྱོབ་དཔུང་གཉེན་གཡེལ་བ་མེད་པར་མཛོད། །གདུག་པའི་སེམས་འཆང་ས་བདག་ཀླུ་གཉན་གྱི། །ཁ་རླངས་རེག་མཐོང་དུག་རིགས་མཐའ་དག་དང། །གནོད་འཚེའི་ བསམ་ངན་སྦྱོར་རྩུབ་ཀུན་ཞི་ནས། །དགེ་བཅུའི་ཁྲིམས་ལ་རྟག་ཏུ་གནས་པར་མཛོད། །ཁྱད་པར་ཡོན་གྱི་བདག་པོའི་འབྱུང་འཁྲུག་གི་ལུས་ནད་འདིས་མཚོན་མི་མཐུན་ཉེར་འཚེ་ཀུན། །མྱུར་དུ་ཞི་ཞིང་ཚེ་དཔལ་ལོངས་སྤྱོད་དང།། དབང་ཐང་རླུང་རྟ་ཡར་ཟླ་ལྟར་འཕེལ་མཛོད། །ཅེས་པ་འདི་འང་སྐྱེད་མ་བློ་བཟང་བསྟན་འཛིན་ཆོས་འཛོམ་གྱི་རྐྱེན་སེལ་དུ་བསྐུལ་བ་ལྟར། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། ༈ །།འདིར་ གནས་ཆུང་ཆོས་སྐྱོང་ཆེན་པོ་དང། ཡུམ་དུས་མཚན་མ་བཅས་ལ་གསེར་སྐྱེམས་འབུལ་བར་འདོད་པས་ཐོག་མར་ཆང་ཕུད་དང། འབྲུ་དཀར་སྨན་སྣ་སོགས་ཡོ་བྱད་ཚོགས་པར་བྱས་ལ་འདི་ལྟར། ཧྲཱི་མདུན་གྱི་ནམ་མཁར་བཞུན་ཆེན་འབར་བའི་དབུས། །སྲེད་མེད་ སྟོང་གི་ཤུགས་ལྡན་མདུང་ཞགས་ཅན། །ཁྲོ་རྒྱལ་གནས་ཆུང་ཡུམ་མཆོག་དུས་མཚན་མ། །འཇིགས་རུང་འཁོར་ཚོགས་དང་བཅས་བརྟན་པར་བཞུགས། །རབ་འབྱམས་རྒྱལ་བའི་གསང་གསུམ་གཏུམ་པོའི་གར། །བསྒྱུར་ མཛད་པདྨའི་རིགས་ཀྱི་ཁྲོ་བོའི་གཙོ། །གནས་ཆུང་དགྲ་ལྷ་ཡོངས་ཀྱི་རྒྱལ་པོ་མཆོག་གསེར་སྐྱེམས་འདི་བཞེས་བདུད་དཔུང་རྩད་ནས་ཆོད། །སྣང་བྱེད་སྟོང་གིས་གཟི་བརྗིད་འབར་བའི་བཅུད། །རིན་ཆེན་དུ་མའི་ཕྲ་བཀོད་ [010B] །སྦྱངས་རྟོགས་སྦར་བའི་གསེར་སྐྱེམས་རྒྱ་མཚོ་འདི། །ཡུམ་མཆོག་དུས་མཚན་ལྷ་མོ་མཉེས་ཕྱིར་འབུལ། །བསྟན་དགྲའི་རྗེས་གཅོད་རྣལ་འབྱོར་བུ་བཞིན་དུ། །སྐྱོང་མཛད་བཀའ་ཉན་འཁོར་ཚོགས་རྒྱ་མཚོ་ཡི།། སྣ་ལྔ་བདུད་རྩིའི་མཆོད་པ་འདི་བཞེས་ལ། །རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་མ་གཡེལ་ཞིག་ཆོས་བདག་འོད་ཆེན་འབར་བ་འཁོར་བཅས་ཀྱང། །རོ་འཛིན་ལོངས་སྤྱོད་མཆོད་སྤྲིན་རྒྱ་མཚོ་འདི། །བཞེས་ལ་བདག་ཅག་དཔོན་སློབ་ཡོན་ མཆོད་ཀྱི། །ཚེ་བསོད་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ནི་འབྲོང་རྩེ་གོང་གི་བླ་སྤྱི་ཐུན་མོང་ནས་བསྐུལ་བ་ལྟར།། ་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། ༈ །། ན་མོ་དྷརྨཱ་རཀྵ་བྷྱ་ཕན་བདེའི་གཞིར་གྱུར་བློ་བཟང་གྲགས་པའི་བསྟན། །གང་དུ་དར་བའི་ཡུལ་ཕྱོགས་སྐྱོང་ངོ་ཞེས། །རྩ་བརྒྱུད་བླ་མའི་སྤྱན་སྔར་དམ་བཅས་པའི། །ལྷ་ཡི་དགེ་བསྙེན་ཆེན་པོས་ཤིས་པས་སྐྱོངས། །འདིར་དཔལ་ མར་མེ་མཛད་ཡབ་སྲས་དང། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྤྱན་སྔར་བཀའ་གདམས་གསར་རྙིང་གི་བསྟན་པ་གང་དུ་དར་བའི་གནས་དེར་གཞི་བདག་གི་ཚུལ་བཟུངས་ཏེ། བསྟན་པ་བསྲུང་བ་མཛད་པར་ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་ དཀར་ཕྱོགས་སྐྱོང་བའི་བསྲུང་བའི་དབང་པོ་ཇོ་བོ་ཕྱིང་དཀར་བ་ལ་བསངས་མཆོད་དང་གཏོར་མ་བཅས་ཕུལ་ནས་འདོད་དོན་འགྲུབ་པའི་འཕྲིན་ལས་བཅོལ་བ་ལ། ཐོག་མར་གསེར་སྐྱེམས་ནང་མཆོད་ཉེར་སྤྱོད་བཅས་པའི་མཆོད་ཚོགས་སྤྱི་དང། ཁྱད་པར་ལྷ་མཆོག་འདིའི་ [011A]༄༅། །གཏོར་མ་བླ་མེད་ཀྱི་གཏོར་རྫས་དང། སྨན་དང་རིན་པོ་ཆེའི་ཕྱེ་མ་ནང་མཆོད་བཅས་བསྲེས་པ་ནོར་བུའི་དབྱིབས་ཅན་མར་དཀར་གྱི་བྱུགས་པ་མདུན་ངོས་ལ་དཀར་རྒྱན་གཉིས་དང། རྩེ་རྒྱན་ངོས་རྒྱན་གསུམ་བརྩེགས་ཅན་གཙང་སྤྲ་ ཐོན་པར་བཤམས། རང་རྡོ་རྗེ་འཇིགས་བྱེད་སོགས་ཡི་དམ་གང་ཡང་རུང་བའི་རྣལ་འབྱོར་བསྒོམ་པའམ། དེ་ལྟར་མི་ཤེས་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཨོཾ་ཨཱ་ཧཱུཾ། ལན་གསུམ་བརྗོད་བས་མཆོད་རྫས་རྣམས་ཟག་མེད་ཀྱི་བདུད་རྩིར་ གྱུར་པར་མོས་ནས། འཇུག་བ་བདེ་བའི་ཕྱིར་ངག་ཏུ་འདི་ལྟར་འདོན་པར་བྱ་སྟེ། ༈ །ཡིད་འོང་སྨན་དང་ནགས་ཚལ་ཁོར་ཡུག་དབུས། །ཤེལ་གཡུ་གསེར་སོགས་རིན་ཆེན་ལས་གྲུབ་ བའི༑ ༑ཕུན་ཚོགས་རྒྱན་གྱིས་སྤྲས་པའི་ཕོ་བྲང་ནང། །གངས་རི་གཡོ་འདྲའི་རྟ་མཆོག་རྒྱན་ལྡན་སྟེང། །ལྷ་ཡི་དགེ་བསྙེན་ཆེན་པོ་ཕྱིང་དཀར་བ། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ན། །ཤེལ་མདུང་གསེར་གྱི་སོ་ལྡན་ ནོར་གཞོད་འཛིན། །ཆེན་པོར་འོས་པའི་རས་ཀྱི་ལ་ཐོད་དང། །ལྷ་གོས་རིན་ཆེན་རྒྱན་གྱི་སྐུ་ལ་བརྒྱན། །མཐའ་སྐོན་བཙུན་མོ་སྲས་བློན་དམག་དཔོན་སོགས། །དམ་ཅན་འཁོར་ཚོགས་རྒྱ་མཚོས་བསྐོར་ནས་བཞུགས། །དེ་ ཡི་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །ཐུགས་ཀའི་ཧཱུཾ་ཡིག་འོད་ཀྱི་ཨུ་རྒྱན་གནས། །ར་སྒྲེང་བཀྲ་ཤིས་ལྷུན་གྲུབ་གནས་མཆོག་ནས། །ལྷ་ཡི་དགེ་བསྙེན་འཁོར་བཅས་སྤྱན་འདྲེན་ནོ། །བྱང་ཕྱོགས་བསྟན་འགྲོའི་ [011B] །དང་ལྡན་གདུང་བའི་ཡིད་ཀྱིས་སྦྱན་འདྲེན་ན། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཅས་བཞིན། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས། ཛཿ་ཧཱུཾ་བཾ་ཧོཿ་ཡེ་ཤེས་ལྷ་ཡི་ཚོགས། ། དམ་ཚིག་པ་དང་དབྱེར་མེད་རོ་གཅིག་གྱུར། །དབང་ལྷས་དབང་བསྐུར་པདྨའི་རིགས་ཀྱི་ཁྲོ་བོ། །རྟ་མཆོག་དཔལ་གྱི་དབུ་ལ་བརྒྱན་པར་གྱུར། །བདག་ཅག་ཉོན་མོངས་བག་མེད་དབང་གྱུར་པས། །ནེ་སེར་ཇོ་བོ་ཆེན་པོ་འཁོར་བཅས་ཀྱི། ། ཐུགས་དང་འགལ་བའི་ཉེས་ལྟུང་ཅི་བགྱིས་པ། །ལྷ་མཆོག་སྤྱན་སྡར་སྙིང་ནས་འགྱོད་པས་བཤགས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་བའི། །ཉེར་སྤྱོད་ཕྱི་ནང་འདོད་ཡོན་རིན་ཆེན་བདུན། །ཁྱད་བར་གསུམ་ལྡན་མཆོད་ ཚོགས་རྒྱ་མཚོ་འདི། །ལྷ་ཡི་དགེ་བསྙེན་ཆེན་པོ་མཉེས་ཕྱིར་འབུལ། །སྟོང་གསུམ་ཁྱོན་ལྟར་ཡངས་བའི་རིན་ཆེན་སྣོད། །སྦྱངས་རྟོགས་སྦར་བའི་བདུད་རྩིས་རབ་བཀང་སྟེ། །དགེ་བསྙེན་ཆེན་བོ་འཁོར་དང་བཅས་ལ་འབུལ། །ལས་ བཞིའི་འཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། །ལན་གསུམ། དེ་ནས་གསེར་སྐྱེམས་བ་སྒྲེངས་ལ། དཔལ་ལྡན་མར་མེ་མཛད་ཀྱི་བཀའ་སྡོད་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་ཕྱིང་དཀར་བ། །བདུད་རྩིའི་གསེར་སྐྱེམས་རྒྱ་མཚོ་འདི་ བཞེས་ལ། །བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །གསང་བའི་ཡུམ་མཆོག་སས་དང་བློན་པོ་སོགས། །བཀའ་སྡོད་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །བདུད་རྩིའི་གསེར་སྐྱེམས་རྒྱ་མཚོ་འདི་བཞེས་ལ། ། [012A]༄༅། །བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །གནོད་སྤྱིན་འབྱུང་པོ་བཙན་བདུད་ཤ་ཟ་དང། །ཐེའུ་རང་ལས་མཁན་ཕོ་ཉའི་ཚོགས་དང་བཅས། །བདུད་རྩིའི་གསེར་སྐྱེམས་རྒྱ་མཚོ་འདི་བཞེས་ ལ༑ ༑བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །བསངས་རྫས་སྦར་ལ། ལྔ་ལྡན་ཡེ་ཤེས་མེ་ནང་ལྷ་མིའི་སྤོས། །བསྲེགས་པའི་དུད་སྤྲིན་འདོད་ཡོན་ལྔ་ལྡན་ཞིང། །ལྷ་ཡི་རྫིང་རིང་འགེངས་བའི་དུད་སྤྲིན་འདིས། ། ནེ་སེར་ལྷ་ཡི་དགེ་བསྙེན་འཁོར་བཅས་བསངས། །གངྒཱའི་རྒྱུན་ལྟར་འཆི་མེད་བཏུང་བའི་ཚོགས། །འཆི་མེད་དཔལ་སྟེར་སྨན་གྱི་རྒྱ་མཚོ་ཆེ། །ནོར་འཛིན་ཡངས་པའི་ཁྱོན་ཀུན་རབ་བཀང་ཏེ། །དགེ་བསྙེན་ཆེན་པོ་འཁོར་དང་བཅས་ལ་ འབུལ། །བཀའ་གདམས་བརྟུལ་ཞུགས་མ་ཉམས་སྐྱོང་བ་ཡི། །བསྟན་འཛིན་བསྲུང་ཞིང་སྐྱོང་བའི་གཡར་དམ་ཅན། །འཇིག་རྟེན་འདས་ཀྱང་འཇིག་རྟེན་ལྷ་ཡི་ཚུལ། །འཛིན་མཛད་ཕྱིང་དཀར་འཁོར་དང་བཅས་ལ་བསྟོད། །ཁྱོད་ ལ་གུས་མཆོད་གསོལ་བ་བཏབ་པའི་མཐུས། །ཞྭ་སེར་བསྟན་པ་གཙུག་གིས་མཆོད་བྱེད་པའི། །ཡུལ་འདིར་འཁོད་པའི་རྒྱལ་པོ་འབངས་དང་བཅས། །དུས་ཀུན་དགེ་བའི་གཏོང་གྲོགས་གཉེན་པོ་མཛོད། །ཐུབ་བསྟན་སྙིང་ པོ་འཇམ་མགོན་བླ་མ་ཡི། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང། །བདག་ཅག་མི་ནོར་རྫས་གསུམ་དབྱར་མཚོ་ལྟར། །གོང་དུ་སྤེལ་བའི་འཕྲིན་ལས་གཡེལ་མེད་སྒྲུབས། །ལྗོངས་འདིར་ནད་ཡམས་དམག་འཁྲུག་ [012B] །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་ཤིང། །རྟག་ཏུ་ཕུན་ཚོགས་དཔལ་ལ་སྤྱོང་བ་སོགས། །བསམ་དོན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་དང་སྟོབས་ཀྱིས་ནོར་གྱི་ཕྱུག་པ་ཐོར་ཁོང་རྒྱལ་པོ་དོན་གྲུབ་ བསྟན་འཛིན་གྱིས་བསྐུལ་བའི་དོར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།ན་མོ་གུ་རུ་བཛྲ་བཧཻ་ར་ཝཱ་ཡ། མདུན་གྱི་ནམ་མཁར་ཁྲག་ཞག་རྒྱ་ མཚོའི་དབུས། །རླུང་ནག་འཚུབ་མའི་གུར་ནང་དྲེའུ་སྟེང། །ཆོས་དབྱིངས་དང་ལས་རབ་ཁྲོས་སྲིན་མོའི་གཟུགས། །དམག་དང་ཟོར་གྱི་ལས་དགྱེས་དཔལ་ལྷ་མོ། །ཕྱག་གཉིས་བེ་ཅོན་ཐོང་ཁྲག་གཡས་གཡོན་སྙན། །རི་དྭགས་རྒྱལ་ དང་བྲང་འགྲོའི་དབང་པོས་མཛེས། །བྱང་ཁྲེས་ནད་རྐྱལ་ཤོ་དང་ཁྲམ་བམ་སོགས། །དགྲ་འཇོམས་ཆས་ཀྱིས་ལེགས་རྒྱན་བརྟན་པར་བཞུགས། །སྤང་གཤོངས་ནགས་ཚལ་མེ་ཏོག་ཁོར་ཡུག་བཅས། །རབ་མཛེས་ཆུ་འཛིན་སྣ་ལྔའི་ཕོ་ བྲང་དབུས། །གངས་རི་གཡོ་འདྲའི་རྟ་མཆོག་རྒྱན་ལྡན་སྟེང། །ནེ་སེར་ལྷ་ཡི་དགེ་བསྙེན་འཁོར་བཅས་བཞུགས། ཨོཾ་ཨཱ་ཧཱུཾ་གིས་མི་འཆི་བཅུ་ཕྱེད་དུ། །བྱིན་གྱིས་བརླབས་པའི་དམ་རྫས་སྤྱན་གཟིགས་སོགས། །དམག་ཟོར་ལྷ་ཡི་ དགེ་བསྙེན་སྤྱན་ལམ་དུ། །འབྱུང་ཞིང་རྒྱས་ལ་ཐུགས་དམ་སྐོང་གྱུར་ཅིག་རང་གཞིན་ཀུན་རྟོག་གདུག་ཅན་གཞོན་པའི་སྡེ། །སྟོང་བཞིའི་ཡེ་ཤེས་མཚོན་གྱིས་བསྒྲལ་བ་ལས། །བྱུང་བའི་ཁྱད་བར་གསུམ་ལྡན་གཏོར་མའི་ཚོགས། ། [013A]༄༅། །བསྟན་སྲུང་རྣམ་གཉིས་འཁོར་དང་བཅས་ལ་འབུལ། ལན་གསུམ། འབྲུ་བཅུད་སྨན་དང་རིན་ཆེན་བརྒྱ་སྦྱར་བ། །དཀར་དམར་ཁམས་ཀྱི་འདུ་འཕྲོད་ལས་བྱུང་བའི། །ལྷན་སྐྱེས་བདེ་བའི་རང་བཞིན་གསེར་སྐྱེམས་ འདི༑ ༑འདོད་ཁམས་བདག་མོ་ནེ་སེར་བཅས་ལ་འབུལ། །གཉིས་སུ་སྣང་བའི་བསངས་རྫས་ཀེ་ཏ་ཀ། གདོད་ནས་རྣམ་ངག་གཉིས་བཏུང་དབང་པོའི་མཐུས། །བསྲེགས་པའི་རྫི་མ་གྷ་ཡི་དུད་སྤྲིན་འདིས། །ལྷ་མཆོག་རྣམ་གཉིས་འཁོར་ དང་བཅས་པ་བསངས། །བཟུང་དང་འཛིན་པའི་སྤྱི་སྒོས་བསྟན་པའི་དགྲ། །ཆོས་དབྱིངས་ངང་དུ་བསྒྲལ་ལས་བྱུང་བ་ཡི། །ཉེར་སྤྱོད་འདོད་ཡོན་དམ་རྫས་སྤྱན་གཟིགས་ཚོགས། །འབུལ་གྱི་དགྱེས་པ་ཆེན་པོས་བཞེས་སུ་གསོལ། །སྐྱེ་ འགག་བྲལ་བའི་ཆོས་སྐུའི་ཀློངས་ཡངས་ལས། །བདུད་འདུལ་སྲིན་མོ་ཁྲོས་པའི་སྐུར་བཞེངས་ཀྱང། །སྣ་ཚོགས་ཐབས་ཀྱིས་བསྟན་དང་བསྟན་འཛིན་རྣམས། །བུ་བཞིན་སྐྱོང་མཛད་དམག་ཟོར་རྒྱལ་མོར་བསྟོད། །སྙིང་རྗེའི་ རང་གཟུགས་གྲུ་འཛིན་བདག་པོ་ཡི། །ཐུགས་ཀྱི་སྒྱུ་འཕྲུལ་ལྷ་ཡི་དགེ་བསྙེན་ཆེ། །ནེ་སེར་ཇོ་བོ་ཕྱིང་དཀར་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་བསྟོད་པར་བགྱི། །སྣང་བ་མཐའ་ཡས་སྒྱུ་དྲའི་གར་མཁན་མཆོག་ སྐུ་འཕྲེང་རིམ་པས་བཀའ་བསྒོས་གཉེར་གཏད་བཞིན། །བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེ་འདི་ཡི། །ཆོས་འབྱོར་དར་རྒྱས་ཡུན་རིང་གནས་པར་མཛོད། །ཁྱད་པར་སྤོར་ཏོག་མི་ཚན་དགེ་འདུན་སྡེ། །ཐུགས་མཐུན་ཁྲིམས་གཙང་ [013B] །མདོ་སྔགས་གཞུང་ལུགས་ཆོས་ཀྱི་དགའ་སྟོན་ལ། །གཡེངས་མེད་སྤྱོད་པའི་འཕྲིན་ལས་དམ་པ་མཛོད། །རྒྱལ་བསྟན་སྙིང་པོ་ཕྱོགས་བཅུར་འཕེལ་བ་དང། །གངས་ཅན་མགོན་པོ་ཕྱོགས་ལས་རྣམ་ རྒྱལ་གྱི། །ཞབས་པད་སྲིད་མཐར་བརྟན་ཅིང་སྐྱེ་འགྲོ་ཀུན། །དུས་ཀུན་བདེ་བའི་དཔལ་ལ་རྟག་སྤྱོད་ཤོག་ཅེས་པ་འདི་ཡང་སྤོར་ཏོག་མི་ཚན་གྱི་གྲྭ་གྲས་དཀའ་ཆེན་བློ་བཟང་བསམ་གཏན་གྱིས་བསྐུལ་བ་ལྟར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་ པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཟིམས་ཆུང་ཡིད་དགའ་ཆོས་འཛིན་དུ་སྦྱར་བའོ།། ༈ །།ན་མོ་བཛྲ་བཧཻ་ར་ཝཱ་ཡ། རབ་འབྱམས་རྒྱལ་བའི་ཡུམ་མཆོག་དབྱངས་ཅན་མ། །རབ་འཇིགས་སྲིན་ མོའི་སྐུར་བཞེངས་དམག་ཟོར་རྒྱལ། །རབ་ཏུ་དྭང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །རབ་གཏུམ་འཁོར་ཚོགས་དང་བཅས་མྱུར་དུ་གཤེགས། །མདུན་གྱི་ན་མ་མཁར་རྐྱང་སེར་དྲེའུ་སྟེང། །དུས་མཐའི་མེ་རླུང་འཚུབ་པའི་གུར་གྱི་ནང། ། བདུད་འདུལ་བསྟན་པ་བསྲུང་བའི་ཆོས་ཀུན་གྱི། །ལེགས་རྒྱན་འདོད་ཁམས་བདག་མོ་བརྟན་པར་བཞུགས། །ཕྱག་ན་པདྨོའི་གསང་གསུམ་འཕྲིན་ལས་གར། །མཁའ་ཁྱབ་མིག་འཕྲུལ་ཇི་བཞིན་འཆར་བ་ལས། །དེང་འདིར་དཔེ་ཧར་ དམ་ཅན་རྡོ་ལེགས་སོགས། །བསྟན་སྲུང་རྒྱ་མཚོའི་སྐུར་ཤར་གནས་འདིར་གཤེགས། །དངོས་གྲུབ་འགུགས་དང་གསལ་བྱེད་བདུད་རྩི་ལྔ། །ཟག་མེད་བདེ་སྟེར་ལྔ་ཕར་མཆོད་པའི་ཚོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་ [014A]༄༅། །བརླབས་ཏེ། །མཐུ་ལྡན་བསྲུང་མ་འཁོར་བཅས་མཉེས་ཕྱིར་འབུལ། ལན་གསུམ། གཞན་ཡང་རིན་ཆེན་བདུན་དང་འདོད་ཡོན་ལྔ། །ཕྱི་ནང་དམ་རྫས་སྤྱན་གཟིགས་གསང་བའི་རྟེན། །དངོས་བཤམས་ཡིད་སྤྲུལ་ ཀུན་བཟང་མཆོད་པའི་སྤྲིན། །འབུལ་གྱིས་ལེགས་བཞེས་འཕྲིན་ལས་རྣམ་བཞི་སྒྲུབས། །བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་སྐུའི་རང་མདངས། །འདས་དང་མ་འདས་བསྲུང་མའི་སྐུར་བཞེངས་ཏེ། །སྣ་ཚོགས་ཐབས་ཀྱིས་བསྟན་དང་ བསྟན་འཛིན་ཀུན། །སྐྱོང་མཛད་ཆོས་སྲུང་རྣམ་གསུམ་བསྟོད་པར་བགྱི། །ཁྱོད་རྣམས་མཆོད་བསྟོད་བསྙེན་ཅིང་བསྒྲུབ་པའི་མཐུས། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལུས་དང་གྲིབ་མ་ཇི་བཞིན་ཉེར་འགྲོགས་ཏེ། ། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །རིམ་གཉིས་ལམ་གྱི་བཤད་སྒྲུབ་ལ་བརྩོན་ཚེ། །བར་དུ་གཅོད་པའི་མི་དང་མི་མིན་ཀུན། །མངོན་སྤྱོད་དྲག་པོས་མྱུར་དུ་ཚར་ གཅོད་མཛོད། །བདག་ཅག་དགོན་གནས་དགེ་འདུན་སྡེ་བཅས་ཀྱི། །ཆོས་འབྱོར་ལེགས་ཚོགས་དབྱར་མཚོ་ལྟར་འཕེལ་ཞིང། །ཡུལ་འདིར་ནད་མུག་འཁྲུག་རྩོད་རྒྱུན་ཆད་ནས། །བཀྲ་ཤིས་དགེ་མཚན་ཀུན་ཏུ་འབར་གྱུར་ཅིག་ མངྒ་ལཾ།། ཅེས་པ་འདི་ཡང་འོར་ཏུ་སུ་ད་ལའི་བའི་སའི་ཤེག་ཐོ་ཡོན་ཆེས་རྗེ་བསོད་ནམས་རིན་ཆེན་དང། དགེ་ཚུལ་དམ་པ་གཉིས་ནས་བསྐུལ་བ་ལྟར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ [014B]། །ན་མོ་བཛྲེ་བཧཻ་ར་ཝཱ་ཡ། བདེ་སྐྱོང་དུམ་བུ་གཅིག་པའི་སྣོད་ཡངས་སུ། །མི་འཆི་བཅུ་ཕྱེད་སྦྱར་བའི་གཏེར་མའི་ཚོགས། །སྦྱངས་རྟོགས་སྦར་བྱས་བདུད་རྩིའི་རྒྱ་མཚོ་ཡིས། ། ས་དང་བར་སྣད་ཁྱོན་ཀུན་གང་གྱུར་ཅིག་མདུན་གྱི་ནམ་མཁར་དུས་མཐའི་མེ་དཔུང་དབུས། །དཔའ་ཞིང་བརྗིད་པའི་ཆས་ཀྱིས་རབ་བརྒྱན་པའི། །སྤྲིན་གྱི་ཤུགས་འཆང་རྟ་མཆོག་རག་པའི་སྟེང། །རྒྱལ་ཆེན་བསེ་ཡི་ཁྲབ་ཅན་བརྟན་ པར་བཞུགས། །ཕྱག་གཡས་བེང་ཆེན་སྒོ་གསུམ་དགྲལ་འཕྱར། །སྤྲུལ་པའི་དམག་གི་སྲིད་གསུམ་རབ་ཏུ་འགེངས། །གཡོན་བ་ཉི་ཟེར་འཕྲུལ་གྱི་ཞགས་པ་ཡིས། །འདུལ་དཀའི་དམ་ཉམས་འཆིང་ཞིང་བླ་ཚེ་འགུགས། །དམར་ ཟླུམ་དགྲ་ལ་གདངས་མིག་གཡོ་བའི་སྤྱན། །དམར་སེར་སྨྲ་ར་དུས་མཐའི་མེ་ལྟར་འབར། །དམར་ཆེན་དགྲ་བགེགས་སྙིང་ཁྲག་ལ་རྒྱུག་པའི། །དམར་རྔམས་གཏུམ་པའི་སྐུ་ཅན་ལྷམ་མེར་བཞུགས། །འབྲུ་གསུམ་སྔགས་ཀྱི་ བདུད་རྩིར་བྱིན་བརླབས་པའི། །སྲིད་གསུམ་འགེངས་པའི་དམ་རྫས་མཆོད་གཏོར་འདི། །མཆོག་གསུམ་འདུས་སྐུ་ལྷ་ཆེན་ཁྱེད་ལ་འབུལ། །ཐེག་གསུམ་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། ལན་གསུམ། ཨརྒྷཾ་མེ་ཏོག་བདུག་ སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་འདོད་ཡན་རིན་ཆེན་བདུན། །མཛེས་ལྡན་ཚལ་བུ་རྟ་གཡག་གཅན་གཟན་སོགས། །འབུལ་གྱིས་བཞེས་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །སྲིད་གསུམ་གནས་པའི་བཟང་ངན་འབྲིང་ [015A]༄༅། །པོའི་དོན། །འཇི་བཞིན་གཟིགས་པའི་རྒྱལ་བ་རིན་ཆེན་མང། །འགྲུབ་མིན་བསྒྲུབ་པའི་གོ་རིམ་བླང་དོར་ཀུན། །སྟོན་ཕྱིར་ཁྲོ་བོའི་སྐུར་བསྟན་ཁྱོད་ལ་བསྟོད། །པདྨ་འབྱུང་གནས་སྐུ་འཕྲེང་རིམ་བྱོན་གྱི། །ཇི་ལྟར་ བཀའ་བསྒོས་དམ་བཅས་དྲན་དགོངས་ལ། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དགེ་འདུན་སྡེ། །དཔོན་སློབ་འཁོར་བཅས་བསྲུང་སྐྱོབ་དུས་ལ་བབས། །བདུད་རིགས་འབྱུང་པོའི་ཚོགས་ཀྱི་ཡིད་བསྐྱོད་པའི། །ལོག་སྨོན་མཚམས་ སྦྱོར་མཐུ་བཙན་ནག་པོའི་ཕྱོགས། །མཐོ་དམའ་མཉམ་པའི་གོ་ས་གར་གནས་ཀྱང། །ད་ལྟ་ཚར་གཅོད་སྙིང་ཁྲག་ཞལ་དུ་གསོལ། །ཁྱད་པར་དགེ་འདུན་རིང་ལུགས་ལ་འཁུ་ཕྱིར། །དཔོན་བརྫུ་ས་གཉའ་ནས་བཅོག་པའི་ མཐུ་ཅན་དང། །གཡོག་བརྫུས་རྐང་ནས་འདྲེན་པའི་བསམ་ངན་ཅན། །མ་ལུས་མངོན་སྤྱོད་དྲག་པོས་ཚར་གཅོད་མཛོད། །འཁྲུལ་བྲལ་དགེ་ལྡན་རིང་ལུགས་འཛིན་པ་ཡི། །ཤར་རྩེ་གྲྭ་ཚང་དཔོན་སློབ་དགེ་འདུན་སྡེ། ། ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་བྱ་བ་ཀུན། །ཡར་ཟླ་ཇི་བཞིན་རྒྱས་པའི་འཕྲིན་ལས་མཛོད། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་བོའི་བར། །ལྷ་མཆོག་ཚངས་པ་ཆེ་དང་མི་འབྲལ་ཞིང། །ས་ལམ་བགྲོད་པའི་བར་ གཅོད་ཀུན་བསལ་ནས། །མཐུན་རྐྱེན་བསམ་དོན་མ་ལུས་ཡིད་བཞིན་སྒྲུབས། །ཅེས་ལྷ་མཆོག་དྲག་པོ་བསེ་ཁྲབ་ཅན་ལ་འཕྲིན་ལས་མྱུར་བར་བསྐུལ་བའི་འདོད་གསོལ་བདེ་སྐྱོད་པོ་ཉ་ཞེས་བྱ་བ་འདི་ཡང། ཤར་རྩེ་དཔོན་སློབ་རྗེ་ཞལ་སྔ་ནས་བློ་བཟང་ [015B] ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རྩྭ་གཉེར་རྗེ་དྲུང་བློ་བཟང་དཔལ་འབྱོར་གོ། ༈ །།ཨོཾ་སསྟི་ སྲིད་གསུམ་བཟང་ངན་འབྲིང་པོའི་བྱེད་ལས་ལ། །ལྐོག་ཏུ་མ་གྱུར་ཡེ་ཤེས་སྤྱན་ལྡན་པའི། །ཆོས་སྲུང་གཙོ་བོ་ལྷ་ཆེན་ཚངས་པ་ཆེར། །བཏུད་དེ་དགྱེས་བྱེད་མཆོད་གཏོར་རིམ་པ་བཤད། །དེ་ཡང་གནས་ཁང་བྱི་དོར་བྱས་ལ་ལྷ་མཆོག་ དྲག་པོ་བསེ་ཁྲབ་ཅན་གྱི་དྲིས་འབུར་གྱི་རྟེན་གང་ཡང་རུང་བ་དགྲམ། དེའི་མདུན་དུ་དམར་གཏོར་སྙིང་ཕྱེད་པའི་གཟུགས་བཤོས་བུ་དྲུག་གིས་བསྐོར་བ་དང། བཙན་བཤོས་ཟུར་གསུམ་གཡས་སུ་བཅུས་པ་འབྲི་སྨུག་གིས་བརྒྱན་པ། ཉེར་སྦྱོད་ནང་མཆོད་སོགས་དམ་པའི་ཕྱག་ལེན་ བཞིན་བཤམས། རང་ཡི་དམ་གང་བྱེད་དེའི་སྒྲུབ་ཐབས་ནས་བཤད་པ་ལྟར་བྱིན་གྱིས་བརླབས་ལ། ནང་མཆོད་དང་ལས་སྔགས་ཀྱིས་རྟེན་བསངས། སྭ་བྷཱ་ཝས་སྟོང་པར་སྤྱངས། སྟོང་པའི་ངང་ལས། རང་གི་མདུན་དུ་ཕ་ལམ་སྨུག་པོ་ལས་གྲུབ་པའི་ཕོ་བྲང་གྲུ་ བཞི་པ། མི་རོའི་རྒྱལ་མཚན་སྙིང་གི་ཏོག་ཅན་དང། དར་དང་རྒྱུ་རློན་གྱི་ལྡ་ལྡི་འཕྱང་བའི་ནང་དུ། ཁྲག་གི་རྒྱ་མཚོ་འཇིགས་པའི་རླབས་འཕྲེང་གཡོ་བའི་སྟེང་དུ། སྟོང་གསུམ་ཡུད་ཀྱི་བསྐོར་བའི་རྟ་མཆོག་རག་པ་དྲག་པོའི་ཆས་ཀྱིས་ སྦྲས་པའི་སྟེང་དུ་ཙ་ཡིག་དམར་པོ་ལས་ཙནྡན་གྱི་བེང་ཆེན་ཙས་མཚན་པ་དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཙན་རྒོད་དྲག་པོ་བསེ་ཁྲབ་ཅན་སྐུ་ [016A]༄༅། །མདོག་དམར་ལ་སྣུམ་པ་རབ་ཏུ་ཁྲོས་ཤིང་ཡས་སོས་མ་མཆུ་མནན་བ། ཕྱག་གཡས་སྤྲུལ་པའི་དམག་དཔུང་བྱེ་བ་འགྱེད་པའི་ཙནྡན་གྱི་བདེ་ཆེན་སྒོ་གསུམ་པ་འཕྱར་ཞིང། གཡོན་བཙན་ཞགས་ དམར་པོ་གློག་ལྟར་གཡོ་བའི་གདུག་ཅན་གྱི་སྐེ་ནས་འཆིང་བ། བསེའི་ཁྲབ་རྨག་སྐུ་ལ་གསོལ་ཞིང། སྟག་རལ་གཡས་དང་གཟིག་ཤུབས་གཡོན་དུ་འཆང་བ། སྤྲེའུ་རྟིང་དཀར་རོལ་དུ་འཁྲིད་པ། སྒེག་ཅིང་དཔའ་ལ་ཤིན་ཏུ་ཁྲོས་ པའི་ཚུལ་གྱིས་འགྱིངས་པར་གྱུར། །དེའི་གཡས་སུ་སྐུའི་སྤྲུལ་པ་ཀླུ་བཙན་སྐུ་མདོག་མཐིང་ནག་ཀླུ་རྟ་གྲ་ནག་རྟིང་དཀར་ལ་ཆིབས་ཤིང་དར་དཀར་གྱི་ལ་ཐོད་དང། དར་ནག་དགུ་བརྩེགས་ཀྱི་བེར་གསོལ་བ། སྐུ་ལས་སྦྲུལ་ནག་ སྟོང་གི་སྤྲུལ་པ་འགྱེད་ཅིང། ཕྱག་ན་སྤྲུལ་གྱི་ཞགས་པ་ཐོགས་པ། གཡོན་དུ་གསུང་གི་སྤྲུལ་པ་བཙན་གྱི་རྒྱལ་པོ་བསེའི་ཁྲབ་ཅན་གཙོ་བོ་དང་མཚུངས་པའི་སྐུ་མདོག་ཅན། ཕྱག་གཡས་བཙན་ཞགས་དམར་པོ་དགྲ་ལ་འཕེན་ཞིང་ གཡོན་དར་འཕན་དམར་སྨུག་མདུང་རྩེ་གསུམ་པས་བགེགས་ལ་བསྣུན་པ། དར་དམར་གྱི་འཇོལ་བེར་དང། ཐོད་བཅིངས་ཤིང་བཙན་རྟ་དམར་པོ་ལ་ཞོན་པ། ཡལ་གའི་རི་དྭགས་དམར་པོ་དུ་མ་ཕོ་ཉར་འགྱེད་པ། མདུན་དུ་ཐུགས་ ཀྱི་སྦྲུལ་པ་ལྷ་བུ་དཀར་པོ། དར་དཀར་གྱིན་བཟའ་དང་ལ་ཐོད་གསོལ་ཞིང་གཡས་ལྷ་ཞགས་དཀར་པོ་ཀླད་ལ་བསྐོར་ཞིང། གཡོན་རྟ་མཆོག་ངང་ཞུར་ཁ་ལོ་བསྒྱུར་བ། ལྷ་བྱ་དཀར་པོ་སྟེང་དུ་ལྡིང་ཞིང། སྤྲུལ་པའི་དགེ་སློང་ཕྱོགས་ [016B] སྟེང་དུ་ཡང་སྤྲུལ་རྒྱལ་པོ་ཆེན་པོ་གསང་གསུམ་ཡོངས་ཀྱི་རྗེ་བོ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། བཟའ་འོག་དམར་ཁྲའི་བེར་གསོལ་ཞིང། གཡས་སྤ་ལྕག་དཀར་པོ་དང། གཡོན་དུང་དཀར་འབུད་པ། རྟ་ མཆོག་གྲ་ནག་རྟིང་དཀར་ལ་ཆིབས་ཤིང། དཔའ་བོ་རྟུལ་ཕོད་ཅན་དུ་མ་སྤྲུལ་པ་འགྱེད་པ། རྒྱབ་ཏུ་ཡོན་ཏན་གྱི་སྤྲུལ་པ། གཏེར་ཆོས་རྣམ་དག་ཡོངས་ཀྱི་བསྲུང་མ་ཚལ་བུ་རྟིང་དཀར་ལ་ཆིབས་ཤིང། སྐུ་མདོག་དཀར་པོ་དར་རས་ ཀྱི་ན་བཟའ་གསོལ་ཞིང། ལེ་བརྒན་གྱི་ཐོད་བཅིངས་པ། གཡས་ཞགས་པ་དཀར་པོ་དང། གཡོན་སྤ་ལྕག་བསྣམས་པ། སྤྲེའུ་རྟིང་དཀར་ཆིབས་ཤིང། བྱི་ལ་གྭ་བ་ཕོ་ཉར་འགྱེད་པ། མཚམས་བཞིར་འཕྲིན་ལས་ཀྱི་མགོན་པོ་ བཞི། སྐུ་ལ་བསེ་ཁྲབ་དང། དབུ་ལ་དར་དཀར་གྱི་ཐོད་བཅིངས་ཤིང། སྟོང་གསུམ་ཡུད་ཀྱི་མྱུལ་བའི་རྟ་མཆོག་རག་དཀར་ལ་ཆིབས་པ། སྐུ་མདོག་སྨུག་ནག་ཕྱག་གཡས་ཞགས་པ་དཀར་པོ་ཀླད་ལ་བསྐོར་ཞིང། གཡོན་སྤ་ ལྕག་བསྣམས་པ། སྔགས་ནག་གོས་དཀར་ཅན་ཕོ་ཉར་འགྱེད་པ། དེ་དག་གི་འཁོར་དུ་ལྷ་ཀླུ་བདུད་དང། གནོད་སྦྱིན་བཙན་དང། རྒྱལ་པོ་དམུ་དང། ས་བདག་དྲི་ཟ་སྲིན་པོ་ལ་སོགས་པ་སྔེ་བརྒྱད་འབྱུང་པོའི་ཚོགས་དང་བཅས་ པ་གྲངས་ལས་འདས་པ་དང། གཞན་ཡང་སྟག། གཟིག། འཕར་བ། སྤྱང་ཀི། དྲེད་དང། ལྕགས་ཀྱི་སྡིག་སྤྲུལ། སྦལ་ཁྲ། བྱ་རོག། འོལ་པ། སྲིན་བྱ་ལ་སོགས་པ་འཁོར་ཚོགས་རྒྱ་མཚོས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་ [017A]༄༅། །སྦྱི་བོར་ཨོཾ་དཀར་བོ། མགྲིན་བར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་བར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱི་ལ་མོ་བྱང་ཆུབ་ལྕོག་ཚེར་གསེབ་ སྤྲུལ་པའི་ཕོ་བྲང། ཨོ་རྒྱན་མཁའ་འགྲོའི་གླིང། ལངྒ་སྲིན་པོའི་གྲོང་ཁྱེར། འཕགས་ཡུལ་ན་ལེནྡྲ་སོགས་རང་བཞིན་གྱི་གནས་ནས་ལྷ་མཆོག་ཚངས་པ་བསེ་ཡི་ཁྲབ་ཅན་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་ དྲངས། ཀྱཻཿ་རབ་ཞི་ཆོས་སྐུའི་ངང་ལས་འཇིག་རྟེན་ཀུན། །བསྐྱེད་མཛད་ལྷ་མཆོག་ཚངས་པ་ཁྲོས་པའི་སྐུ། །བསེ་ཡི་ཁྲབ་ཅན་བསྟན་དགྲ་ཡོངས་ཀྱི་གཤེད། །བསྟན་འཛིན་ཕན་བདེའི་དབྱིད་གྱུར་གནས་འདིར་གཤེགས། ། དང་བོར་རྡོ་རྗེ་འཆང་གི་དབང་བསྐུར་ཞིང། །བར་དུ་སློབ་དཔོན་པདྨས་དམ་ལ་བཞག་མཐའ་མར་སེར་ཏོག་ཞྭ་ཡི་ཅོད་པན་ཅན། །སྐྱེས་ཆེན་ཡོངས་ཀྱི་བསྲུང་མ་ད་གཤེགས་ཤིག་ཚུལ་ལྡན་མང་ཐོས་སྒྲུབ་ལ་བརྩོན་པ་ཡི། ། མ་བཅོལ་བར་ཡང་བུ་བཞིན་སྐྱོང་ངོ་ཞེས། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་དགོངས་ལ། །མྱུར་དུ་གཤེགས་ཤིག་ལྷ་མཆོག་བསེ་ཁྲབ་ཅན། །རང་བཞིན་གནས་རིགས་ཆོས་སྐུའི་དཔྱིད་ལྡན་ཡང། །གློ་བུར་དྲི་མས་བསྒྲིབ་པའི་ འགྲོ་བ་ལ། །ཐུགས་རྗེས་བླང་དོར་ཚུལ་བཞིན་སྟོན་མཛོད་ལྷ། །རེངས་པའི་ཚུལ་གྱིས་གཤེགས་ཤིག་བསེ་ཁྲབ་ཅན། །དར་དམར་གཡོབ་ཅིང་རོལ་སྒྲ་སྣ་ཚོགས་སྒྲོག་གྲེ་འགྱུར་སྙན་པའི་དབྱངས་ཀྱི་སྦྱན་འདྲེན་ན། །སྔོན་གྱི་ [017B] །མཆོད་པའི་གནས་འདིར་གཤེགས་ཤིག་བསེའི་ཁྲབ་ཅན། །མྷཱ་བྲཧྨ་ཎ་ཨེ་ཧྱ་ཧི་ཞེས་བརྗོད་ལ་སྤྱན་དྲངས། ཛཿ་ཧཱུཾ་བཾ་ཧོཿ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །རིགས་འཛིན་ ཡོངས་ཀྱི་འཁོར་ལོས་བསྒྱུར་བའི་རྗེ། །མཐུ་སྟོབས་དབང་ཕྱུག་པདྨ་འབྱུང་གནས་ཀྱེ། །དགེ་བསྙེན་ཆེན་པོ་དྲག་པོ་བསེ་ཁྲབ་ཅན། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་བསྟོད། །ཀ་རའི་རོ་བཅུད་ལྡན་པའི་ཞལ་ཇ་དང། ཁ་ དོག་གསེར་སྦྱངས་བཙོ་མའི་མདངས་འཕྲོག་པའི། །ག་བུར་ངད་ལྡན་གསེར་སྐྱེམས་རྒྱ་མཚོ་འདི། །ང་ཅག་རྣལ་འབྱོར་སྐྱོང་ཕྱིར་དགྱེས་དགུར་རོལ། །ཞེས་ཞལ་ཇ་གསེར་ཕུད་བཤམས་པ། དགྱེས་བཞིན་དུ་བཞེས་བར་བསམས། རང་གི་ཐུགས་ ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྦྱན་དྲངས། གྲིབ་སེལ་གྱི་དམིགས་པ་དང་བཅས་ཏེ། ཡིག་བརྒྱ་ལན་གསུམ་བརྗོད། དེ་ནས་གདུང་ཤུགས་དྲག་བོས་བཤགས་པ་བྱ་བ་ནི། རྡོ་རྗེ་འཆང་དང་པདྨ་ཀར་སོགས།། རྩ་བ་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཁྱེད་རྣམས་ཀྱི། །གསང་གསུམ་ལས་འགལ་སྙིང་ནས་འགྱོད་པས་བཤགས། །གསང་ཆེན་རྡོ་རྗེ་ཐེག་པའི་གྲུར་ཞུགས་ནས། །སྐུ་གསུམ་རིན་ཆེན་ ལེན་ལ་རབ་ཞུགས་ཀྱང། །གེགས་ཀྱི་གཙོ་བོ་དམ་ཚིག་ལས་འདས་པ། །ཡི་དམ་ལྷ་ཚོགས་སྦྱན་སྔར་སྙིང་ནས་བཤགས། །ཁྱད་པར་ས་བཅུའི་དབང་ཕྱུག་རིན་ཆེན་མང། །དབང་དྲག་ཁྲོས་པའི་གར་མཛད་བསེའི་ཁྲབ་ཅན། ། [018A]༄༅། །ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་རྣམས། །ནོངས་ཤིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། །དོན་དམ་དགེ་སྡིག་མཚན་མ་ཀུན་བྲལ་ཡང། །ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཕྱིར། །རྨི་ ལམ་བཞིན་དུ་ནོངས་པའི་ཚོགས་མ་ལུས། །སྤྲོས་བྲལ་ཆོས་དབྱིངས་དང་དུ་དག་གྱུར་ཅིག། དེ་ནས་བསྐང་རྫས་དང། མཆོད་གཏོར་བྱིན་གྱིས་བརླབས་ལ། ཐུགས་དམ་བསྐང་བ་ནི། ཀྱཻཿ་བདེ་སྟོང་དབྱེར་མེད་ལྷ་ལམ་ལས་འོངས་ གཞིར། །དངོས་བཤམས་ཡིད་སྤྲུལ་ཕྱི་ནང་མཆོད་པའི་སྤྲིན། །ཡིད་འོང་ས་དང་བར་སྣང་ཁྱོན་གང་བས། །རྒྱལ་ཆེན་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག་དགྲ་བགེགས་བསྒྲལ་བའི་སྙིང་ཁྲག་མཆོད་ཡོན་དང། །དབང་པོའི་མེ་ ཏོག་སྤོས་དཀར་དུད་པའི་སྤྲིན། །ཞུན་ཆེན་སྒྲོན་མེ་མཁྲིས་པའི་དྲི་ཆབ་འདིས། །ལྷ་ཆེན་བསེ་ཡི་ཁྲབ་ཅན་ཐུགས་དམ་བསྐངས། །སྤྲུལ་པ་རྣམ་དྲུག་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་སྐོངས་ཤིང་ཉམས་ཆགས་གསོས་ གྱུར་ནས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཤ་རུས་ཞལ་ཟས་པི་ཝང་རྫ་རྔ་དང། །ཟངས་དུང་གླིང་བུ་སྣ་ཚོགས་རོལ་མོའི་སྒྲ། །འདོད་ཡོན་སྣ་ལྔ་རྟ་གཡག་བྱ་ལུག་དང། །སྟག་གཟིག་ཁྱི་དང་འཕར་བ་སྤྱང་ཀི་ ཡིས༑ ༑ལྷ་ཆེན་བསེ་ཡི་ཁྲབ་ཅན་ཐུགས་དམ་བསྐངས། །སྤྲུལ་པ་རྣམ་དྲུག་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་སྐོངས་ཤིང་ཉམས་ཆགས་གསོས་གྱུར་ནས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ [018B] །བྱ་རོག་ཁྲ་དང་བྱ་གླགས་སྤྲེའུ་དང། །སྔགས་འཆང་སེར་སྐྱ་དུག་སྦྲུལ་བུད་མེད་དང། །སྐྱེས་པ་སྟག་ཆས་ཅན་དང་བྱི་ལ་དང། །གནམ་ལྕགས་སྡིག་པ་སྦལ་པའི་ཚོགས་རྣམས་ཀྱིས། །ལྷ་ཆེན་བསེ་ཡི་ཁྲབ་ཅན་ ཐུགས་དམ་བསྐངས། །སྤྲུལ་པ་རྣམ་དྲུག་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་སྐོངས་ཤིང་ཉམས་ཆགས་གསོས་གྱུར་ནས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །གཞན་ཡང་བཀྲ་ཤིས་རྟགས་ དང་རྫས་བརྒྱད་དང། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན། །གླིང་བཞི་རི་རབ་ཉི་ཟླར་བཅས་པ་སོགས། །ཕྱི་ནང་གསང་བའི་སྤྱན་གཟིགས་སྣ་ཚོགས་ཀྱིས། །ལྷ་ཆེན་བསེ་ཡི་ཁྲབ་ཅན་ཐུགས་དམ་བསྐངས། །སྤྲུལ་པ་རྣམ་ དྲུག་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་སྐྱོངས་ཤིང་ཉམས་ཆགས་གསོས་གྱུར་ནས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཞེས་བསྐང་རྫས་དང་བསྐང་གཏོར་ཕུལ་ནས་འཕྲིན་ལས་བཅོལ། སྤྱི་ བཟློག་དང། གཞི་བདག་གི་བསངས་མཆོད་བཏང་ལ། དྲག་ཏུ་བསྐུལ་བ་ནི། ཀྱཻཿ་ལྷ་ཆེན་ཚངས་པ་བསེའི་ཁྲབ་ཅན། །ཁྲོ་གཏུམ་འབར་བ་འཁོར་དང་བཅས། །བསྟན་དགྲ་དམ་ཉམས་སྡིག་ཅན་གྱི། །སྟེང་དུ་རྒྱུགས་ཤིག་ བང་མ་བུལ། །ཞིང་བཅུ་ཚང་བའི་དགྲ་བོ་དང། །ཁྱད་པར་དགོན་གནས་འདི་ཉིད་ཀྱི། །དཔོན་སློབ་སྔེ་དང་བཅས་པ་ལ། །གནོད་བྱེད་མི་དང་མི་མིན་ཀུན། །བསད་དང་བསྐྲད་དང་རྨོངས་རེངས་སོགས། །མངོན་སྤྱོད་དྲག་པོའི་ཆད་པ་ [019A]༄༅། །ཡི༑ ༑ད་ལྟ་ཉིད་དུ་ཚར་གཅོད་ལ། །ཤ་ཁྲག་རུས་པ་ཚོགས་སུ་རོལ། །དེ་ནས་བཟློག་པ་དང། བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་སཱ་ཧཱ། ཞེས་བཟླས་པ་གང་འགྲུབ་བྱས་ལ། གཏོར་མ་བྱིན་གྱིས་བརླབས། ལྷ་ཆེན་ བསེ་ཡི་ཁྲབ་ཅན་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་མྷཱ་རཱ་ཛཱ་ཤུ་ལ་ཙ་ས་པ་རི་ཝཱ་ར་ཨི་དཾ་ བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང། ཨ་ཀཱ་རོ་མོས་གཏོར་མ་ཕུལ་ལ། ཧོཿ་ལྷ་ཆེན་ཚངས་པ་བསེ་ཁྲབ་ཅན། །འཁོར་བཅས་གཏོར་མ་འདི་བཞེས་ལ། །བསྟན་དང་རྣལ་འབྱོར་དཔོན་སློབ་ལ། །གནོད་བྱེད་དགྲ་ བགེགས་མ་ལུས་པ། །ཐལ་བའི་རྡུལ་དུ་བརླག་པར་མཛོད།། གཞི་བདག་གཏོར་མ་བཏང་ལ། ཀྱཻཿ་རབ་ཞི་ཆོས་སྐུའི་ངང་ལས་འཇིགས་རྟེན་ཀུན། །བསྐྱེད་མཛད་མེས་པོ་ལྷ་ཆེན་ཚངས་པ་ཆེ། །བདུད་འདུལ་བསྟན་པ་བསྲུང་ ཕྱིར་དྲག་པོའི་སྐུར། །རབ་བཞེངས་བསེ་ཡི་ཁྲབ་ཅན་ཁྱོད་ལ་བསྟོད། །སྐུ་དང་དབུ་ལ་བསེ་ཡི་ཁྲབ་རྨོག་གསོལ། །བེང་ཆེན་ཞགས་པས་བསྟན་དགྲ་གསོད་ཅིང་འཆིང། །རྟ་མཆོག་རག་པའི་ཁ་ལོ་དགྲ་ལ་བསྒྱུར། །བདུད་ འདུལ་དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད། ། སྤྲུལ་པ་རྣམས་དྲུག་ཡང་སྦྲུལ་ཕོ་ཉ་སོགས། །བསྟན་དགྲ་ཚར་གཅོད་བསྟན་འཛིན་སྐྱོང་བའི་ཕྱིར། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡི། །འཕྲིན་ལས་གཡེལ་མེད་ [019B] །ལྷ་ཆེན་བསེ་ཡི་ཁྲབ་ཅན་བསྟོད་པའི་མཐུས། །དཔལ་ལྡན་བཀྲ་ཤིས་སྒོ་མང་དགེ་འདུན་སྔེ། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་དཔལ་འབྱོར་རྣམས། །ཡར་ཟླ་དབྱར་གྱི་མཚོ་ལྟར་ འཕེལ་བར་ཤོག་ཡུལ་འདིར་ནད་ཡམས་དམག་འཁྲུག་མུ་གེ་སོགས། །མི་མཐུན་ཉེར་འཚེ་མཐའ་དག་ཞི་བ་དང། །ཆར་ཆུ་དུས་ཕེབས་ལོ་ཕྱུགས་རྟག་ལེགས་ཤིང། །ཕུན་ཚོགས་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག། ཞེས་དང་ བསངས་མཆོད་ནི། པདྨ་ཐོད་འཕྲེང་རྒྱལ་བ་གཉིས་པ་སོགས། །རྩ་བརྒྱུད་བླ་མའི་བཀའ་སྡོད་བསེ་ཁྲབ་ཅན། །འཁོར་དང་བཅས་པ་གནས་འདིར་མྱུར་གཤེགས་ལ། །ཕྱི་ནང་གསང་བའི་མཆོད་ཚོགས་འདི་དག་བཞེས། །ས་ཟླ་ འབྲུ་བཅུད་སྦྱར་བའི་བཏུང་བའི་མཆོག། འཆི་མེད་སྨན་གྱི་དཀྲིས་མས་རབ་གཡོགས་པ། །བདུད་རྩིར་བྱིན་རླབས་གསེར་སྐྱེམས་རྒྱ་མཚོ་འདི། །བསེ་ཡི་ཁྲབ་ཅན་འཁོར་དང་བཅས་ལ་འབུལ། །ཕུན་ཚོགས་དྲི་ཞིམ་ལྷ་མིའི་བསངས་ རྫས་རྣམས། །ཡེ་ཤེས་རང་བཞིན་མེ་ལྕེས་རབ་བསྲེགས་པའི། །དུད་སྤྲིན་འཆི་མེད་ལམ་ཀུན་ཡོངས་གང་བས། །རྒྱལ་ཆེན་བསེ་ཡི་ཁྲབ་ཅན་འཁོར་བཅས་བསངས། །ས་བརྒྱད་དབང་ཕྱུག་གསང་གསུམ་སྒྱུ་འཕྲུལ་གར། ། གང་འདུལ་མིག་འཕྲུལ་ཇི་བཞིན་འཆར་བ་ལས། །དེང་འདིར་བསྟན་སྲུང་བསེ་ཁྲབ་ཅན་གྱི་སྐུར། །ཤར་བའི་དགྲ་ལྷ་ཆེན་པོ་ཁྱོད་ལ་བསྟོད། །དཔལ་ལྡན་བཀྲ་ཤིས་སྒོ་མང་ཆོས་གྲྭ་ཆེ། ། །བསྲུང་སྐྱོབ་གཡེལ་མེད་ཆོས་འབྱོར་རྒྱས་ [020A]༄༅། །པ་དང། །དབོན་སློབ་སྔེ་བཅས་ཆོས་འབྱོར་བསམ་པའི་དོན། །མ་ལུས་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཁལ་ཁ་གཡོན་རུ་ཅང་ཇུན་པའི་ལེའི་ཤོག། ཨུ་ཇུའི་ཐུ་མེར་ཁན་ཆོས་རྗེ་རབ་འབྱམས་པ་དཀོན་ མཆོག་བརྟན་འཕེལ་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྔེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་ གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ཉེ་འཁོར་བ་རྩྭ་གཉེར་རྗེ་དྲུང་བློ་བཟང་དཔལ་འབྱོར་རོ།། དགེ་ལེགས་འཕེལ།། ༈ །།ཨོཾ་སསྟི། རྒྱལ་སྲས་དད་པ་བརྟན་པའི་སྦྱན་སྔ་རུ། །མ་འོངས་ཁ་བ་ཅན་འདིར་ བཀའ་གདམས་བསྟན། །བསྲུང་ཞིང་སྐྱོང་བར་ཞལ་བཞེས་ཕྱིང་དཀར་བ། །ནེ་སེར་ཇོ་བོ་འཁོར་བཅས་གནས་འདིར་གཤེགས། །ཕུན་ཚོགས་ལྷ་མིའི་ལོངས་སྦྱོད་མ་ལུས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ པའི༑ ༑གསེར་སྐྱེམས་ཉེར་སྤྱོད་འདོད་ཡོན་གཏོར་མའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་འདི་དགྱེས་ཤིང་བཞེས། །རབ་མཛེས་གསེར་བཞུན་འབར་འདྲའི་མེ་ནང་དུ། །ལྷ་ཀླུ་མི་ཡི་བསངས་རྫས་ཕུལ་བྱུང་རྣམས། ། བསྲེགས་པའི་དུང་སྤྲིན་ལྷ་ལམ་འགེངས་པ་འདིས། །ལྷ་ཡི་དགེ་བསྙེན་ཆེན་པོ་འཁྲོ་བཅས་བསངས། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །ཡབ་སྲས་བརྒྱུད་པར་བཅས་པའི་བཀའ་སྡོད་མཆོག་སྤྱན་རས་ [020B] །ཆོས་བདག་ནེ་སེར་འཁོར་བཅས་བསྟོང་བར་བགྱི། རྭ་སྒྲེང་དབེན་གནས་རྒྱལ་བའི་འབྱུང་གནས་ཆེའི། །ཆོས་འབྱོར་བདེ་སྐྱིད་དབྱང་མཚོ་ལྟར་འཕེལ་ཞིང། །དཔོན་སློབ་འཁོར་བཅས་ གཞིས་བྱེས་ཐམས་ཅད་དུ། །བསྲུང་སྐྱོབས་འཕྲིན་ལས་རྣམ་བཞིས་གཡེལ་མེད་སྐྱོངས། །མངྒ་ལཾ། ཅེས་པ་འདི་ནི་རྩའུ་དགེ་སློང་ཡེ་ཤེས་ལེགས་གྲུབ་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ།། ༈ །།ཨོཾ་སསྟི། འདིར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཡུལ་ལྷ་གཞི་བདག་བཅས་ལ་གསེར་སྐྱེམས་འབུལ་ཞིང་འཕྲིན་ལས་བཅོལ་བའི་རིམ་པ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ ལྟ་བུ་ཡི་དམ་གང་ཡང་རུང་བའི་ང་རྒྱལ་ལ་གནས་པས་གསེར་སྐྱེམས་ཀྱི་སྒྲུབ་གཞི་ནད་མཆོད་ལྟར་རམ། བསྡུ་ན། ཨོཾ་ཨཱ་ཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། དེ་ནས་ལས་ཀྱི་རྡོ་རྗེས་ལག་པ་གཡས་ཀྱིས་ཆད་ཕུད་འབྲུ་སྣ་གསེར་སོགས་སྦྱར་བའི་གསེར་ སྐྱེམས་ཀྱི་སྣོད་ཕྱར་ཞིང། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་གྱེན་དུ་བཏེག་སྟེ། ཚོགས་པ་ཐམས་ཅད་ཀྱིས་རང་གི་སྙིང་གནས་སྤྲོས་པའི་མཆོད་པའི་ལྷ་མོའི་བྱིན་གྱིས་བརླབས་པའི་གསེར་སྐྱེམས་བཏེག་སྟེ་མགྲོན་སོ་སོའི་ལྗགས་ཀྱི་ཡུལ་དུ་ཕུལ་བས་ཐུགས་རྒྱུད་ ལ་ཟག་མེད་ཀྱི་བདེ་བ་སྐྱེས། ཇི་ལྟར་སྨོན་པའི་དོན་གྲུབ་པར་བྱིན་གྱིས་བརླབས་ཤིང་ཞལ་གྱིས་བཞེས་པར་བསམས་ལ་འདི་ལྟར་བརྗོད་པར་བྱ་སྟེ། ཧཱུཾ༑ འཇམ་དཔལ་རྡོ་རྗེའི་སྒྱུ་འཕྲུལ་བློ་བཟང་གྲགས། །ལ་སོགས་རྩ་བརྒྱུད་བླ་མའི་ [021A]༄༅། །ཚོགས་རྣམས་དང། །དུས་དགྲའི་དབང་པོ་ཆོས་སྐྱོང་བསྲུང་མའི་ཚོགས། །ཡུལ་ལྷ་གཞི་བདག་འཁོར་བཅས་གནས་འདིར་གཤེགས། །ལུང་དང་རྟོགས་པའི་ཆོས་ཚུལ་གངས་ལྗོངས་འདིར། །རྒྱལ་ བའི་དགོངས་པ་ཇི་བཞིན་གསལ་མཛད་པའི། །བསྟན་ལ་ཀུན་མཁྱེན་གཉིས་པར་རབ་གྲགས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྲས་དང་བཅས། །བདུད་རྩིའི་གསེར་སྐྱེམས་རྒྱ་མཚོ་འདི་བཞེས་ལ། །བྱིན་རླབས་བདུད་རྩི་ སྙིང་གི་པདྨོའི་ནང། །བཞུགས་པས་ས་གསུམ་ཡལ་འདབ་རབ་རྒྱས་རྩེར། །སྐུ་གསུམ་ཟེའུ་འབྲུ་རྒོད་པར་བྱིན་གྱིས་རློབས། །མཐའ་འཁོབ་ཡུལ་དུ་བསྟན་པའི་སྲོལ་བཏོད་ནས། །མུན་གླིང་ཆོས་ཀྱི་སྣང་བས་ཁྱབ་མཛད་ཅིང་ འཕགས་མཆོག་ཕྱག་ན་པདྨོ་དུར་སྨྲིག་གི་ཟློས་གར་བསྒྱུར་མཛད་བསོད་ནམས་རྒྱ་མཚོའི་སྡེ། །བདུད་རྩིའི་ ྾ ། བྱིན་རླབས་ ྾ ། བཞུགས་པས་ ྾ ། སྐུ་གསུམ་ ྾ ། བློ་ཆེན་ཀུན་བཟང་ཐུགས་བསྐྱེད་རྟ་བདུན་ གྱི༑ ༑དཔལ་ལྡན་བཤད་སྒྲུབ་མཁའ་ལ་ཉེར་དྲངས་ཏེ། །བསྟན་པའི་ཉི་མ་འཕྲིན་ལས་འོད་སྟོང་ཅན། །ཕྱོགས་ལས་རྣམ་པར་རྒྱལ་བའི་འདྲེན་པ་མཆོག། བདུད་རྩིའི་ ྾ ། བྱིན་རླབས་ ྾ ། བཞུགས་པས་ ྾ ། སྐུ་ གསུམ་ ྾ ། ལྔ་ལྡན་ཡེ་ཤེས་ཆེན་པོའི་རོལ་པ་ལས། །ཟ་བྱེད་མ་ཧེ་ཁྲོས་པའི་སྐུར་བཞེངས་ནས། །བདུད་འདུལ་མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ལྷ་ཡི་ཚོགས། །བདུད་རྩིའི་ ྾ ། [021B] ྾ ། བཞུགས་པས་ ྾ ། སྐུ་གསུམ་ ྾ ། མ་ཧཱ་ཀཱ་ལ་ཕྱག་དྲུག་ཡིད་བཞིན་ནོར། །དྲག་བོ་གཟི་ལྡན་དབང་ཕྱུག་ཡུམ་ཆེན་བཞི། །འདོད་དགུའི་ཆར་འབེབས་རྒྱལ་ཆེན་ངལ་བསོས་བོ། །རང་རང་བཀའ་སྡོད་སྡེ་བརྒྱད་ དཔུང་དང་བཅས། །འབྲུ་བཅུད་རིན་ཆེན་སྦྱར་བའི་གསེར་སྐྱེམས་འདི། །བཞེས་ནས་རྒྱལ་བསྟན་ཕྱོགས་བཅུར་རྒྱས་པ་དང། །བྱམས་གླིང་དཔོན་སློབ་སྡེ་དང་བཅས་པ་རྣམས། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཕེལ་བར་ མཛོད། །མ་ལུས་རྒྱལ་བའི་ཡུམ་གྱུར་དབྱངས་ཅན་མ། །མ་རུངས་འདུལ་ཕྱིར་སྲིན་མོ་ཁྲོས་པའི་སྐུ། །མ་གཡངས་བསྟན་པ་བསྲུང་བའི་བྱར་མཁན། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །ཁྲག་ཆང་སྦྱར་བའི་གསེར་སྐྱེམས་ འདི་བཞེས་ལ། །གཟའ་དང་བཙན་དམར་གདུག་ཅན་ཀླུ་ལ་སོགས། །སྟེང་འོག་བར་གྱི་སྡེ་བརྒྱད་གནོད་པའི་ཚོགས། །ཉེ་བར་ཞི་བའི་འཕྲིན་ལས་མཛད་དུ་གསོལ། །བཀའ་སྡོད་ལས་བྱེད་གདོང་ཅན་རྣམ་གཉིས་དང། །དུས་བཞི་གནམ་ མཐའི་ཤུགས་ཀྱི་འབྱུང་བ་བཞིན། །འགྱུར་མེད་དམ་བཅས་བསྟན་པ་བསྲུང་མཛད་པའི། །ལས་བཞི་དུས་བཞིའི་ལྷ་མོ་འཁོར་དང་བཅས། །སྲིད་གསུམ་ཟས་བཅུད་བསྡུས་པའི་གསེར་སྐྱེམས་འདི། །བཞེས་ལ་ཡུལ་འདིར་དམག་ འཁྲུག་མུ་གེ་དང། །སད་སེར་ཐན་པ་བཟློག་པའི་འཕྲིན་ལས་མཛོད། །མཚོ་སྐྱེས་རྡོ་རྗེ་བློ་བཟང་གྲགས་ལ་སོགས། །རྩ་བརྒྱུད་བླ་མའི་བཀའ་བཞིན་བོད་ལྗོངས་འདིར། །རྒྱལ་བསྟན་བསྲུང་བད་ཞལ་བཞེས་གཡར་དམ་ཅན། །ཚེ་རིང་ [022A]༄༅། །མཆེད་ལྔ་བརྟན་མར་བཅས་པ་རྣམས། །རིན་ཆེན་རྡུལ་གྱི་བཅུད་ལྡན་གསེར་སྐྱེམས་འདི། །བཞེས་ལ་ནད་རིམས་བཞི་བརྒྱ་རྩ་བཞི་ཡིས། །བསྡུས་པའི་མི་ནད་ཕྱུགས་ནད་ཀུན་ཞི་ཞིང། །བསམ་དོན་ལྷུན་ གྱིས་འགྲུབ་པའི་འཕྲིན་ལས་མཛོད། །འགྲོ་ལ་བླང་དོར་སྟོན་པའི་ཡིད་བཞིན་ནོར། །འཇིག་རྟེན་མེས་པོ་བསེ་ཡི་ཁྲབ་ཅན་དང། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས་པ་ཀུན། ། དམ་རྫས་མ་ཚང་མེད་པའི་གསེར་སྐྱེམས་འདི། །བཞེས་ལ་ཕྱོགས་བཞིར་འཁོད་པའི་སྐྱེ་འགྲོ་ཀུན། །ཚེ་བསོད་དཔལ་འབྱོར་མངའ་ཐང་རབ་རྒྱས་ཏེ། །ཕན་བདེའི་དཔལ་ལ་སྦྱོར་བའི་འཕྲིན་ལས་མཛོད། །ཡུལ་འདིའི་མི་ནོར་ རྫས་གསུམ་བསྲུང་བ་དང། །འདོད་དགུའི་དངོས་གྲུབ་མཐའ་དག་སྩོལ་མཛད་པའི། །རྨ་ཆེན་སྤོམ་ར་ལི་ཆེན་འབུམ་ར་སོགས། །ཡུལ་ལྷ་གཞི་བདག་གཉན་པོ་འཁོར་དང་བཅས། །ཟག་མེད་བདེ་སྟེར་གསེར་སྐྱེམས་འདི་ བཞེས་ལ། །ཆར་ཆུ་དུས་ཕེབས་ལོ་ཕྱུགས་རྟག་ལེགས་ཤིང། །གཞིས་སུ་ཚེ་རིང་ནད་མེད་མི་ནོར་རྒྱས། །བྱེས་སུ་ལམ་འཕྲེང་ཆུ་ལས་སྒྲོལ་འདོན་མཛོད། །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ལ། །རྣལ་འབྱོར་ དཔོན་སློབ་སྦྱིན་བདག་བཅས་པ་ཀུན། །ལེགས་ཚོགས་ཕན་བདེའི་དཔལ་ལ་སྤྱོད་བཞིན་དུ། །སྲིད་ཞིའི་རྒྱ་མཚོའི་ཕ་མཐར་ཕྱིན་པར་མཛོད། །ཅེས་བླ་མ་ཡི་དམ་ཆོས་སྲུང་ཡུལ་ལྷ་གཞི་བདག་དང་བཅས་པ་ལ་གསེར་སྐྱེམས་འབུལ་ཚུལ་ [022B] ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ ལྷུན་པོའི་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་བསངས་མཆོད་ནང་གི་མྱུར་མཛད་ཡེ་ཤེས་མགོན་པོ་དང་ཞེས་པ་ཡན་བསངས་མཆོད་དེ་ནང་བཞིན་དང། དེ་ནས་ ལས་གཤིན་ཕྱི་ནང་གསང་གསུམ་དང། །ལས་བྱེད་བཤན་པའི་ཚོགས་རྣམས་བསངས། །རབ་འབྱམས་རྒྱལ་ཡུམ་དབྱངས་ཅན་མ། །རབ་ཁྲོས་དམག་ཟོར་རྒྱལ་མོ་དང། །རབ་ཏུ་ཞི་བའི་ངང་ཚུལ་ཅན། །རབ་མཛེས་མ་གཅིག་ དཔལ་ལྷ་བསངས། །རྣམ་དག་ཁྲིམས་ལྡན་སྐྱོང་བའི་ལྷ། །རྣམ་སྲས་ལྔ་ཁྲག་རྣམ་གསུམ་དང། །རྣམ་མང་ལུང་སྟོན་ཞི་དང་དྲག་རྣམ་གཉིས་ཚངས་པའི་ལྷ་ཚོགས་བསངས། །རྒྱལ་བའི་བསྟན་ལ་རབ་གུས་ཤིང། །རྒྱལ་ བ་རྒྱ་མཚོའི་གཡར་དམ་ཅན། །རྒྱལ་ཆེན་སྐུ་ལྔའི་ལྷ་ཚོགས་སོགས། །རྒྱལ་བའི་བསྟན་སྲུང་རྒྱ་མཚོ་བསངས། །ཞེས་བཅུག་ལ། མདོར་ན་གནས་གསུམ་བཞུགས་པ་ཡི། །ཞེས་པ་མན་ཆད་བསངས་མཆོད་དེ་ཉིད་ཇི་ལྟ་བ་བཞིན་ བརྗོད་པར་བྱའོ།། ཅེས་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་དང་བྱམས་པ་ངག་དབང་གཉིས་ཀྱིས་བསྐུལ་བའི་དོར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་ལྷ་ལྡན་གཙུག་ལག་ཁང་དུ་སྦྱར་བའོ།། ༈ །། [023A]༄༅། །ཨོཾ་སྭ་སྟི། འདིར་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་མཆོད་གཏོར་དང་ཚོགས་མཆོད་འབུལ་བར་འདོད་པས་ནང་མཆོད་བསྐང་གཏོར། ཉེར་སྤྱོད་སོགས་ཕྱག་ལེན་བཞིན་དུ་བཤམས། ཁྱད་པར་དུ་ཚོགས་ཀྱི་འཁོར་ལོའི་མཆོད་པར་འོས་པའི་ཕྱེ་ མར༑ ནང་མཆོད། ཤ༑ འཁུར་བ། ཤིང་འབྲས་སོགས་བཟའ་བཅའ་སྣེ་གང་འཛོམ་དང། རྡོ་རྗེ་སློབ་དཔོན་ལ་འབུལ་རྒྱུའི་ཟླུམ་གཏོར་བཅས་ཡོ་བྱད་རྣམས་ཚར་དུ་དངར་བཤམས་ལ་སྒྲུབ་པ་པོ་རྣམས་གྲལ་ལ་འཁོད་དེ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཐུན་བཞིར་སྒོམ་ པའི་སྐབས་ཡིན་ན་ཐུན་མཚམས་དང། དེ་ལྟ་མིན་ན་འཇིགས་བྱེད་སྐད་ཅིག་དཀྲོང་བསྐྱེད་ཀྱི་ང་རྒྱལ་དང་གསལ་སྣང་ལ་གནས་བཞིན་པའི་ངང་ནས་ནང་མཆོད་དང་མཆད་གཏོར་བྱིན་གྱིས་བརླབས་ཏེ། དམ་ཅན་ཆོས་ཀྱི་རྒྱལ་པོའི་མདོན་རྟོགས་སྤྱན་འདྲེན་བསྐང་བ་ གཏོར་འབུལ་འཕྲིན་འཆོལ་དང་བཅས་པ་སྔོན་དུ་བཏང་སྟེ། ཚོགས་ཀྱི་ཡོ་བྱད་རྣམས་ནང་མཆོད་བྱིན་རླབས་ལྟར་ཏིང་ངེ་འཛིན་དང་སྔགས་ཀྱི་བྱིན་གྱིས་བརླབས་ལ།། ༈ །བྱུང་བའི་ཟག་ མེད་བདེ་སྟེར་ཚོགས་མཆོད་འདི། །འཇམ་དཔལ་ཁྲོ་བོའི་སྐུར་བསྟན་གཤིན་རྗེ་གཤེད། །བཅུ་གསུམ་ལྷ་ཡི་འཁོར་ལོ་མཉེས་ཕྱིར་འབུལ། །ལྷུན་གྲུབ་བདེ་ཆེན་ངང་ནས་རབ་བཞེས་ཏེ། །མཆོག་མཐུན་དངོས་གྲུབ་དགྱེས་ བཞིན་སྩལ་དུ་གསོལ། །རང་བཞིན་བདེ་བ་ཆེན་པོའི་ངང་ཉིད་ལས། །བྱུང་བའི་ཟག་མེད་བདེ་སྟེར་ཚོགས་མཆོད་འདི། །དགེ་སྡིག་བཤན་འབྱེད་བསྟན་དགྲ་ཆར་གཅོད་པའི། །དམ་ཅན་ཕྱི་ནང་གསང་གསུམ་མཉེས་ཕྱིར་ [023B] །ལྷུན་གྲུབ་བད་ཆེན་ ྾ ། མཆོག་མཐུན་ ྾ ། རང་བཞིན་བདེ་ ྾ ། བྱུང་བའི་ཟག་མེད་ ྾ ། ཡབ་ཏི་དང་ཕོ་ཉ་མོ་ཉ་སོགས། །བཀའ་ཉན་འཁོར་ཚོགས་རྒྱ་མཚོར་བཅས་ལ་འབུལ། །ལྷུན་གྲུབ་ ྾ ། མཆོག་མཐུན་ ྾ ། རང་བཞིན་ ྾ ། བྱུང་བའི་ཟག་མེད་ ྾ ། ཐོགས་མེད་དུས་ནས་དྲིན་གྱིས་བསྐྱངས་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཚིམ་ཕྱིར་འབུལ། །ལས་ཉོན་བག་ཆགས་བཅས་པ་རབ་སྦྱངས་ཏེ། །ས་བཅུ་ལམ་ལྔའི་ བགྲོད་པ་མཐར་ཕྱིན་ཤོག་དེ་ནས་ལས་ཀྱི་རྡོ་རྗེས་ཟླུམ་གཏོར་སོགས་རྡོ་རྗེ་སློབ་དཔོན་ལ་འབུལ་རྒྱུའི་ཚོགས་རྫས་ལག་ཏུ་ཐོགས་ཏེ། ཨ་ཧོ༑ འདོད་ཡོན་རང་བཞིན་ཤེས་པ་ཡི། །འཇིགས་མེད་སེངྒེ་ལྟར་དུ་ཚོགས་མཆོད་འདིར། ། རྣམ་པར་རོལ་པའི་ཟག་མེད་བདེ་ཆེན་གྱིས། །ལུས་གནས་ལྷ་ཡི་ཚོགས་རྣམས་ཚིམ་པར་མཛོད། །ཞེས་བརྗོད་དེ་སློབ་དཔོན་གྱི་ཕྱག་ཏུ་ཕུལ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས། ཕུད་སོགས་ངག་པ་ལྷ་ཡི་འཁོར་ལོ་རུ། །འཆར་བའི་ ཉམས་མྱོང་བདེ་ཆེན་རང་བཞིན་གྱི། །རྣམ་པར་མི་རྟོག་ཏིང་འཛིན་འཕེལ་ཕྱིར་དུ། །ཟག་མེད་བདུད་རྩི་རྒྱ་མཚོ་ཆེ་ལ་རོལ། །ཞེས་བརྗོད་དེ་ལྷའི་ང་རྒྱལ་དང་གསལ་སྣང་ལ་གནས་བ་སོགས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚོགས་ཀྱི་འཁོར་ལོ་ལ་ལོངས་ སྤྱད་ཟིན་པའི་རྗེས་སུ་ལས་ཀྱི་རྡོ་རྗེས་ཚོགས་ལྷག་རྣམས་སྣོད་གཅིག་ཏུ་བསྡུས་ཏེ་ཆབ་བྲན་འབྲུ་གསུམ་གྱི་བྱིན་གྱིས་བརླབས༑ ཧོཿ་རང་བཞིན་བདེ་བ་ཆེན་པོའི་ངང་ཉིད་ལས། །བྱུང་བའི་ཟག་མེད་བདེ་སྟེར་ཚོགས་ལྷག་འདི། །ལྷ་ཀླུ་གནོད་ [024A]༄༅། །སྤྱིན་སྲིན་པོ་ཡི་དྭགས་སོགས། །ཞིང་སྐྱོང་སྡེ་བརྒྱད་འཁོར་དང་བཅས་ལ་འབུལ། །སྒོ་གསུམ་འདོད་དགུའི་ཆར་གྱིས་ཚིམ་གྱུར་ནས། །རྣལ་འབྱོར་དམ་ཆོས་བསྒྲུབ་པའི་སྟོང་གྲོགས་མཛོད། །རྡོ་རྗེ་གསོར་ ཞིང་དྲིལ་བུ་དཀྲོལ་ཏེ། ལྷག་མའི་མགྲོན་རྣམས་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང། །དཔལ་དང་གྲགས་དང་སྐལ་བ་བཟང།། ལོངས་སྤྱོད་རྒྱ་ཆེ་ཀུན་ཐོབ་ཅིང། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང།། གདོན་དང་བགེགས་རྣམས་ཞི་བ་དང། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང། །བདེ་ལེགས་ཐམས་ཅད་འབྱུང་ བ་དང། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་བརྗོད་དེ་ཚོགས་ལྷག་ཕྱི་རོལ་དུ་དོར། ཅེས་དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་ཚོགས་མཆོད་འབུལ་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་འོར་ཏུ་སུ་ཨུ་ཤིང་ཤོག་རབ་འབྱམས་པ་ངག་དབང་རྒྱ་མཚོ་དང་ དཔལ་བཟང་གྲགས་པ་གཉིས་ཀྱིས་བསྐུལ་བའི་ངོར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།ན་མོ་བཛྲ་བཧཻ་རེ་ཝཱ་ཡ། འདིར་དཔལ་ལྡན་ [024B] རང་ཉིད་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཡི་དམ་གང་རུང་གི་རྣལ་འབྱོར་དང་ལྡན་པས། ནང་མཆོད་དང་ མཆོད་གཏོར་འཇིགས་བྱེད་སྒྲུབ་ཐབས་ལྟར་རམ་མདོར་བསྡུ་ན། ཨོཾ་ཨཱ་ཧཱུཾ། ལན་གསུམ་བརྗོད་པས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱ་ས་བདུད་རྩིས་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྦེལ་བར་བསམས་ལ་ ༈ ཁྲག་ཞག་རྒྱ་མཚོ་རླུང་ནག་གུར་གྱི་ནང། །འཇིགས་པའི་ཆས་ལྡན་དྲེའུ་རྐྱང་སེར་སྟེང། །བྷྱཽ་ལས་དམག་ཟོར་རྒྱལ་མོ་བརྟན་པར་བཞུགས། །ཕྱག་གཡས་བེ་ཅོན་ གཡོན་པ་ཐོད་ཁྲག་འཛིན། །སྐུ་མདོག་མཐིང་ནག་རབ་ཁྲོས་སྲིན་མོའི་གཟུགས། །བསྟན་སྲུང་གདོང་གཉན་རྣམ་གཉིས་ལ་སོགས་པ། །འཁོར་ཚོགས་རྒྱ་མཚོའི་དབུས་སུ་བརྗིད་པར་གྱུར། །མདུན་གྱི་ནམ་མཁར་འཇིགས་ རུངས་ཁྲག་མཚོའི་དབུས། །བདས་རི་པད་ཉི་མི་རྟའི་བམ་ཆེན་སྟེང། ཁམས་གསུམ་དགྲ་བགེགས་སྙིང་ཁྲག་ཧུབ་གཅིག་གིས། །གསོལ་མཛད་དགྲ་ལྷའི་རྒྱལ་པོ་ལྕམ་དྲལ་ཆེ། །དགྲ་བགེགས་སྒྲོལ་བྱེད་ཟངས་གྲི་མདའ་མདུང་ དང༑ ༑གདུག་ཅན་གློ་སྙིང་ཁྲག་རྒྱུན་འཛག་པ་སོགས། །འཇིགས་རུངས་ཕྱག་མཚན་དྲག་པོའི་ཆས་རྣམས་ཀྱིས། །བལྟ་བས་མི་ངོམས་བརྗིད་པའི་ཚུལ་གྱིས་བཞུགས། །སུམ་རྩེན་མུ་ལེ་དིང་དང་རོལ་མཚོ་བདུན། །ཆོས་ [025A]༄༅། །འཁོར་རྒྱལ་སོགས་གང་བཞུགས་གནས་མཆོག་ནས། །དཔལ་ལྡན་འདོད་ཁམས་དབང་ཕྱུག་རེ་མ་ཏི། །དམ་བཅས་ཐུགས་དམ་དབང་གིས་གནས་འདིར་གཤེགས། །བྱང་ཤར་མ་རུ་རྩེ་ཡི་དུར་ཁྲོད་ནས། ། ལྕམ་དྲལ་གྲི་ཐོགས་བཤན་པའི་ཚོགས་དང་བཅས། །ཤུགས་དྲག་གདུང་བའི་ཡིད་ཀྱིས་སྦྱན་འདྲེན་ན། །རྒྱལ་བསྟན་བསྲུང་སྐྱོབ་སྤེལ་ཕྱིར་མྱུར་དུ་གཤེགས། །ཆོས་དབྱིངས་ངད་ལས་རབ་ཁྲོས་སྲིན་མོའི་སྐུར། །བཞེངས་ ནས་མོས་ལྡན་བུ་བཞིན་སྐྱོང་མཛད་པའི། །འདོད་ཁམས་བདག་མོ་འཁོར་དང་བཅས་པ་ལ། །མ་མོ་མཁའ་འགྲོའི་བྲྡཱ་ཡིས་ཕྱག་བགྱིད་དོ། །གཤིན་རྗེ་གཤེད་ཀྱི་སྒྱུ་འཕྲུལ་ལྕམ་དྲལ་ཆེ། །ལས་མཁན་ཆེན་པོ་སྐྱེ་འགྲོའི་སྲོག་ གི་བདག་གྲི་ཐོགས་བརྒྱད་དང་རོལ་བཤན་ཉེར་གཅིག་སོགས། །འཁོར་ཚོགས་རྒྱ་མཚོར་བཅས་ལ་མགོས་ཕྱག་འཚལ། །ཕྲ་མོ་སྦོམ་པོ་ལས་བྱུང་ཨ་མྲྀ་ཏ། །ཉལ་འགྲོས་དབེན་པའི་དྭང་མའི་ཧུ་རཱི་ར། །དཔལ་ལྡན་འདོད་ ཁམས་དབང་མོ་ལ་འབུལ་གྱིས། །བསྟན་དང་བསྟན་འཛིན་སྐྱོང་ཕྱིར་བཞེས་སུ་གསོལ། །ཞིང་རབ་རྒྱ་མཚོའི་རོ་བཅུད་མ་ལུས་པ། །སྦྱངས་རྟོགས་སྦར་བའི་དམར་ཆེན་གཏོར་མ་འདི། །ཐུབ་པའི་བསྟན་པ་བསྲུང་ལ་ཟླ་བྲལ་ བའི༑ ༑ལྷ་བེག་འཁོར་དང་བཅས་པ་མཉེས་ཕྱིར་འབུལ། ལན་གསུམ། བྲམ་ཟེའི་ཁྱིའུ་བླ་མའི་སྤྱན་སྔ་རུ། །དུས་འདིར་ཐུབ་བསྟན་བསྲུང་བར་ཞལ་བཞེས་ཏེ། །དམ་བཅའི་ཁུར་ཆེན་ནམ་ཡང་མི་འདོར་བའི། །དམག་ཟོར་ [025B] །སྔོན་ཚེ་དྲེགས་ལྡན་གཅུང་བོར་གྱུར་པའི་ཚེ། །ཐུབ་པའི་བསྟན་ལ་འཁུ་བའི་གདུག་པ་ཅན། །འདུལ་ཞིང་རྒྱལ་བསྟན་སྐྱོང་བའི་གཡར་དམ་ཅན། །ལྕམ་དྲལ་འཁོར་དང་བཅས་ལ་ གསོལ་བ་འདེབས། །རྣམ་དག་ཆོས་དབྱིངས་བདེ་བ་ཆེན་པོའི་ངང། །རྣམ་འཕྲུལ་སྐུ་ཡི་བཀོད་པ་ཅི་ཡང་འཆར། །རྣམ་མང་འཁོར་ཚོགས་དང་བཅས་དགྲ་ལྷ་ཆེ། །རྣམ་གསུམ་དྭང་བའི་ཡིད་ཀྱིས་གསོལ་བ་འདེབས། །ལྷ་ལམ་ བཞིན་དུ་ཆོས་ཀུན་སྤྲོས་བྲལ་ཡང། །ལྷ་མིག་མི་ལྡན་མ་རིག་གཞན་དབང་གིས། །ལྷ་མཆོག་ཐུགས་དང་འགལ་བ་ཅི་བགྱིས་པ། །ལྷ་བེ་ཀ་ཁྱེད་ཀྱི་སྤྱན་སྔར་སྙིང་ནས་བཤགས། །ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་ གཞི༑ ༑རྒྱལ་བསྟན་དར་རྒྱས་ཡུན་རིང་གནས་པ་དང། །བསྟན་ལ་གནོད་བྱེད་མི་དང་མི་མིན་ཀུན། །དྲག་པོའི་ཆད་པས་མྱུར་དུ་ཚར་གཅོད་མཛོད། །བདག་ཅག་གཞིས་སུ་ཡ་རབས་སྤྱོད་ལ་གནས། །མི་ནོར་ལོངས་སྤྱོད་ མངའ་ཐང་རྒྱས་པ་དང། །བྱེས་སུ་ལམ་འཕྲེང་འཇིགས་པ་ལས་བསྒྲལ་ཏེ། །བསམ་དོན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །ཡུལ་འདིར་དམ་པའི་ཆོས་ཀྱི་དཔུང་འཛིན་ཅིང། །འཇམ་མགོན་བླ་མའི་རིང་ལུགས་གུས་ མཆོད་པའི། །རྒྱལ་བློན་སྡེ་དཔོན་འབངས་དང་བཅས་པ་ལ། །བསྲུང་སྐྱོབ་དཔུང་གཉེན་གཡེལ་བ་མེད་པར་མཛོད། །དུས་འདི་ནས་བཟུངས་བསྟན་སྲུང་འཁོར་བཅས་ཀྱི། །འཕྲིན་ལས་རྣམ་བཞིས་གཡེལ་མེད་སྐྱོང་བ་དང། །བླ་ [026A]༄༅། །མེད་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་ཀུན། །འབད་སྩོལ་མེད་པར་ལྷུན་གྱིས་འགྲུབ་གྱུར་ཅིག་ཅེས་བརྗོད། དེ་ནས་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་སྔགས་འཕྲེང་སྤྲོས་པ་ཞལ་ནས་ ཐོན༑ མདུན་གྱི་ཆོས་སྐྱོང་གཙོ་འཁོར་གྱི་ཞལ་དུ་ཞུགས། ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཞུགས་ཏེ་མགལ་མེའི་འཁོར་ལོ་ལྟར་འཁོར་བའི་འོད་ཟེར་ཕྱོགས་བཅུར་སྤྲོས། གནོད་བྱེད་དགྲ་བགེགས་ཐམས་ཅད་བྱ་སྤུ་མེས་ བསྲེགས་པ་ལྟར་ཐལ་བར་བརླག། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད་དང། རྫས་བརྒྱད་རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་སྟེ་རང་གནས་པའི་ ཡུལ་ཕྱོགས་དང་ས་ཕྱོགས་ཐམས་ཅད་གང་བར་བསམས་ལ། ལྷ་བེ་ཀ་གཉིས་ཀྱི་སྲོག་སྔགས་ཅི་མང་བཟླས། མཇུག་ཏུ་ནོངས་པ་བཟོད་གསོལ་དང་བསྔོ་སྨོན་སོགས་བྱ་ཞིང་རྟེན་ཡོད་ན་བརྟན་བཞུགས་དང། མེད་ན་གཤེགས་ གསོལ་སོགས་བྱའོ།། ཅེས་པ་འདི་ཡང་འོར་ཏུ་སུ་ཧང་ཉིན་པའི་སེའི་ཤོག་མི་རིང་སྤ་ཞང་ནས་བསྐུལ་བའི་དོར། ༈ བཟང་དཔལ་འབྱོར་རོ།། མངྒ་ལཾ།། ༈ །།ན་མོ་བཛྲ་བཧཻ་ར་ཝཱ་ཡ། འདིར་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ་བོ་ཆོས་སྐྱོང་དྲེགས་པ་ལྕམ་སྲིད་ལ་མཆོད་གཏོར་ཕུལ་ནས། འཕྲིན་བཅོལ་བདུད་བཟློག་དང་བཅས་པ་བྱ་བར་འདོད་པས་ཡི་དམ་རྡོ་རྗེ་ [026B] ཆོས་སྐྱོང་ཆེན་པོ་འདི་ཉིད་ལ་མོས་གུས་རྩེ་གཅིག་པས་འདི་ལྟར་འདོན་པར་བྱ་སྟེ། ཀྱཻཿ་འདི་ནས་བྱང་ཤར་མཚམས་ཤེད་ན། །མྱ་ངམ་ཐང་ཆེན་སྐྱོ་ ཕྱད་པ། །བདུན་གྱི་ཕ་རོལ་འདས་པ་ན། །མ་རུ་རྩེ་ཡི་དུར་ཁྲོད་ན། །རྨངས་གཞི་དམར་པོའི་བྱུ་རུ་ལ། །སྟེང་ནས་གློག་འཁྱུག་གནམ་ལྕགས་འབབ། །རྒྱབ་རི་མི་སྡུག་ཟངས་ལས་བྱས། །མདུན་དུ་འཇིགས་རུངས་ཁྲག་མཚོ་ འཁྱིལ། །ཐོད་པ་བརྩེགས་པའི་གཞལ་ཡས་ནི། །སྨུག་པོའི་འཕྱོང་གི་བ་གམ་ཅན། །མི་རོའི་རྒྱལ་མཚན་ཙིཏྟའི་ཏོག་རྒྱུ་རློན་ལྔ་ལྔའི་དྲ་བས་གཡོགས། །ཕྱོགས་བཞིར་དྲག་པོའི་མེ་ལྕེ་འཁྲིགས། །རོ་ལངས་ཀེང་རུས་གར་ འཆམས་བྱེད། །གཞལ་ཡས་དེ་ཡི་ནང་ཤེད་ན། །གནོད་སྦྱིན་བདག་པོ་བེ་ཀྩེ་དང། །སྲིང་མོ་སྲིད་པའི་ལྷ་མོ་དང། །།ལས་མཁན་མཚན་མོ་རྒྱུ་བའི་ལྷ། །གྲི་ཐོགས་བཤན་པའི་ཚོགས་བཅས་བཞུགས། །རྡོ་རྗེ་འཆང་སོགས་ བླ་མ་དང། །ཁྱད་པར་སྙིགས་དུས་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་མཚན་སྤྱན་སྔ་རུ། །ཇི་ལྟར་བཀའ་བསྒོས་དམ་བཅས་བཞིན། །བསྟན་དང་རྣལ་འབྱོར་སྐྱོང་བའི་ཕྱིར། །མདུན་གྱི་ནམ་མཁའི་གནས་འདིར་གཤེགས་ ཟངས་དམར་བྲག་དང་ཁྲག་མཚོའི་རླབས། །འཐབ་པའི་རི་སྟེང་པདྨ་དང། །རྟ་བདུན་བདག་པོའི་དཀྱིལ་འཁོར་སྟེང། །བམ་ཆེན་བསྣོལ་བའི་གདན་ལ་བཞུགས། །དགྲ་བ་གེགས་སྙིང་ཁྲག་མཆོད་ཡོན་དང། །དབང་པོའི་མེ་ [027A]༄༅། །ཏོག་གསུར་ཆེན་སྤོས། །ཚིལ་ཆེན་སྒྲོན་མེ་ཁྲག་ཞག་དྲི། །ཤ་རུས་ཞལ་ཟས་རོལ་མོའི་སྒྲ། །ཕྱི་ནང་འདོད་ཡོན་རིན་ཆེན་བདུན། །ར་སྐྱེས་ཞོལ་གཡག་ཁམ་པའི་ཚོགས། །ཟངས་ཀྱི་སྲིན་བྱ་འུག་པ་ སོགས། །འབུལ་གྱི་དགྱེས་པ་ཆེན་པོས་བཞེས། །ཚད་ལྡན་ཡངས་པའི་ཐོད་པའི་ནང། །ཤ་ཁྲག་གཏོར་མ་ཕྱུར་བུར་སྤུངས། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་པ། །ལྕམ་དྲལ་འཁོར་བཅས་མཉེས་ཕྱིར་འབུལ། ལན་གསུམ་ རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། ཁམས་གསུམ་གདུག་པ་འདུལ་བའི་ཕྱིར། །དབང་དྲག་ཁྲོས་པའི་སྐུར་བཞེངས་པ། །ལྕམ་སྲིང་འཁོར་དང་བཅས་ལ་བསྟོད། ཁམས་གསུམ་མགོན་པོ་ཤཱཀྱའི་ཏོག། །རྒྱལ་བ་ གཉིས་པ་ཙོང་ཁ་པའི། །བསྟན་པ་རིན་ཆེན་གཉེར་གཏད་བཞིན། །བསྲུང་སྐྱོབ་སྤེལ་བའི་དུས་ལ་བབས། །རིང་ནས་བསྟེན་ཅིང་མཆོད་པ་ཡི། །བདག་ཅག་མི་ནོར་འཁོར་དང་བཅས། །ཉིན་གསུམ་བྱ་ར་མཚན་གསུམ་གྱི། །མེལ་ ཚེས་གཡེལ་མེད་བསྐྱང་དུ་གསོལ། །མི་དང་མི་མིན་གནོད་པའི་ཚོགས། །སྦྱི་དང་བྱེ་བྲག་ཆོམ་རྐུན་གྱི། །ཉེར་འཚེ་མ་ལུས་ཞི་བ་དང། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ། བཟློག་པ་བྱ་བ་ནི། རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །བདེ་ཆེན་ཚེས་སྐུའི་ངང་ཉིད་ལས། །དབང་དྲག་གཏུམ་པོའི་སྐུར་བཞེངས་པ། །དྲེགས་པ་ལྕམ་སྲིང་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །བདག་ཅག་ [027B] །སྟེང་འོག་བར་གསུམ་གདོན་བགེགས་ཀྱི། །གནོད་འཚེ་མ་ལུས་བཟློག་ཏུ་གསོལ། །ཟོར་ཁ་སྣ་ཚོགས་འཕེན་པ་དང། །གཏང་གནོན་སྦྱོར་བ་འགྱེད་པ་བཟློག། །ཡས་བདུད་གཡོས་དང་མས་སྲི་ ལངས། །རྨི་ལྟས་མཚན་ངན་ཐམས་ཅད་བཟློག་མི་ཁ་ཁ་མཆུ་ངན་པ་དང། །དགྲ་ཇག་ཆོམ་རྐུན་ཐམས་ཅད་བཟློག། རྦད་འདྲེ་རྦོད་གཏོང་གནོད་པ་དང། །བྱང་དང་སྲི་ལ་རྐུ་བ་བཟློག་ནད་རིམས་བཞི་བརྒྱ་རྩ་བཞི་དང། །སྟོང་ ཕྲག་བརྒྱད་ཅུའི་བགེགས་རྣམས་བཟློག་རིམས་དང་དལ་ཡམས་གཏོང་བ་དང། །དུས་མིན་འཆི་རྐྱེན་སྣ་དགུ་བཟློག་ལོ་སྐེག་ཟླ་སྐེག་ཞག་སྐེག་དང། །མི་ཤིས་ལྟས་ངན་ཐམས་ཅད་བཟློག་མདོར་ན་བདག་ཅག་འཁོར་བཅས་ ཀྱི༑ ༑རྐྱེན་ངན་པར་གཅོད་ཐམས་ཅད་བཟློག་མི་མཐུན་ཉེར་འཚོའི་ཚོགས་ཐམས་ཅད། །གནོད་པར་བྱེད་པའི་དགྲ་ལ་བསྒྱུར། །ཕུང་བར་བྱེད་པའི་སྲིང་ལ་བསྒྱུར། །དུས་ལ་བབས་སོ་ས་མ་ཡ། ཞེས་བརྗོད། མཇུག་ཏུ། སངས་རྒྱས་ བསྟན་བསྲུང་མ་སོགས་འཕྲིན་འཆོལ་ཅི་རིགས་པ་བརྗོད། ཅེས་ཆོས་སྐྱོང་ལྕམ་སྲིང་ལ་གཏོར་འབུལ་འཕྲིན་བཅོལ་འདི་ལྟ་བུ་ཞིག་དགོས་ཞེས་ཚ་འདི་མ་ཇ་སག་དགའ་ལྡན་བསྟན་སྐྱོང་གིས་བསྐུལ་བའི་དོར། ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།ཤ་ཁྲག་ལ་སོགས་ཞེས་ལན་གསུམ་གྱི་འཇུག་འདུར་གདངས་དང་བཅས། ༈ །དུས་འདིར་ཐུབ་ [028A]༄༅། །བསྟན་བསྲུང་པར་དམ་བཅས་པའི། །བསྟན་སྲུང་གཙོ་བོ་ལྕམ་དྲལ་འཁོར་དང་བཅས། །སྤྱན་འདྲེན་མདུན་གྱི་ནམ་མཁར་བརྟན་པར་བཞུགས། །སྤྲོས་བྲལ་རིག་པའི་མཚོན་གྱི་ཕྱི་ནང་གི། །བདུད་དཔུང་བསྒྲལ་ བའི་ཤ་ཁྲག་རུས་པའི་ཚོགས། །སྦྱངས་རྟོགས་སྦར་བའི་དམར་ཆེན་གཏོར་མ་འདི། །ཆོས་སྐྱོད་ལྕམ་སྲིང་འཁོར་དང་བཅས་ལ་འབུལ། །ལན་གསུམ། ཐུབ་བསྟན་གསེར་རིའི་མུ་ཁྱུང་འཛིན་པ་ཡི། །ཆོས་གྲྭ་ཆེ་འདིའི་མཁན་ སློབ་འདུས་སྡེ་ལ། །གནོད་བྱེད་དགྲ་བགེགས་མ་ལུས་ཚར་བཅད་ནས། །བསྲུང་སྐྱོབ་མཐུན་རྐྱེན་འཕྲིན་ལས་ཚུལ་བཞིན་སྒྲུབས། ཅེས་པ་འདི་ཡང་ཇ་རྒྱབ་པ་དགེ་སློང་ཡེ་ཤེས་བསྟན་འཛིན་ནས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ དོར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །། ཨོཾ་སྭ་སྟི། མདུན་གྱི་ནམ་མཁར་ཁྲག་ཞག་རྒྱ་མཚོའི་དབུས། །འཐོར་བྱེད་ དྲག་པོའི་རླུང་ནང་དྲེའུ་སྟེང། །མཚན་ཙམ་བཟུང་བས་ཕྱི་ནང་བདུད་སྡེའི་དཔུང། །འཇོམས་མཛད་དམག་ཟོར་རྒྱལ་མོ་བརྟན་པར་བཞུགས། །དུམ་བུ་གཅིག་པའི་བདེ་སྐྱོང་སྣོད་ཡངས་སུ། །ལྕགས་ཀྱུ་ལྔ་དང་སྒྲོན་མེ་ལྔ་པའི་ རྫས༑ ༑ཏིང་འཛིན་སྔགས་ཀྱི་བདུད་རྩིར་བྱིན་བརླབས་པ། །འདོད་ཁམས་བདག་མོ་འཁོར་དང་བཅས་ལ་འབུལ། །ཉེར་སྤྱོད་ཕྱི་ནང་འདོད་ཡོན་རིན་ཆེན་བདུན། །འཇིགས་རུངས་ཆས་ཀྱིས་ལེགས་རྒྱན་དྲེའུ་རྟ་སོགས། །བསྟན་ [028B] །ཉེ་བར་མཁོ་བའི་ཡོ་བྱད་མ་ལུས་འབུལ། །ཆོས་དབྱིངས་དང་ལས་རབ་འཇིགས་སྲིན་མོའི་སྐུར། །བཞེངས་ནས་བསྟན་དགྲ་མ་ལུས་ཚར་གཅོད་ཅིང། །བསྟན་འཛིན་བུ་བཞིན་སྐྱོང་བའི་བསྲུང་ མའི་གཙོ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་བསྟོད། །བློ་ཆེན་རྒྱལ་བའི་མཁས་བཙུན་བཟང་པོའི་དཔལ། །གསུམ་ལྡན་བསྟན་པའི་ཉི་མའི་སྐུར་ཤར་བ། ། ༈ ། ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །རྒྱ་ཆེན་ཐོས་པས་རབ་འབྱམས་གཞུང་དོན་ལ། །བསམ་བྱུང་རིག་པའི་དཔྱད་པ་རྣམ་པར་དག་དགེ་བཅུའི་ལམ་ལ་འདུན་པའི་གླིང་མཆོག་འདིའི། །བཤད་སྒྲུབ་ དབྱར་མཚོ་ཇི་བཞིན་རྒྱས་པར་མཛོད། ཁམས་གསུམ་འཇིག་རྟེན་ལྷ་ཡི་ལམ་བཟང་དུ། །བློ་བཟང་བསྟན་པའི་ཉི་མ་རྟག་ཤར་ནས། །མི་མཐུན་རྒུད་པའི་སྨག་རུམ་ཀུན་བསལ་ཏོ། །བཀྲ་ཤིས་ཕན་བདེའི་སྣང་བས་ཁྱབ་ གྱུར་ཅིག། མངྒ་ལཾ།། ཅེས་པ་འདི་ཡང་ཐོས་བསམ་གླིང་ཞལ་སྔ་ནས་ཀྱི་དྲུང་ཆེན་དཀའ་ཆེན་དང། སྤྱི་ས་བཅས་ནས་བསྐུལ་བ་ལྟར། ༈ རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།ཨོཾ་བདེ་ལེགས་སུ་གྱུར་ཅིག་གནས་གསུམ་མཁའ་འགྲོའི་དབང་ཕྱུག་དཔལ་ལྷ་མོ། །དམག་ཟོར་རྒྱལ་མོ་རྟན་འདིར་རྟག་བཞུགས་ལ།། [029A]༄༅། །ཕན་བདེའི་འབྱུང་གནས་བློ་བཟང་གྲགས་པའི་བསྟན། །ཕྱོགས་བཅུར་སྤེལ་བའི་འཕྲིན་ལས་གཡེལ་མེད་སྒྲུབས། །ཁྱད་པར་དོན་གྲུབ་རྡོ་རྗེ་སྲས་བཅས་ཀུན། །གཞིས་བྱེད་ཀུན་ཏུ་བྱ་བ་ཅི་བྱེད་ཀྱང་ བསྲུང་སྐྱོབ་མཐུན་རྐྱེན་བསྒྲུབ་ལ་མི་གཡེལ་ཞིང། །ཚེ་བསོད་དཔལ་འབྱོར་རྒྱས་པའི་འཕྲིན་ལས་མཛོད། །མངྒ་ལཾ། །ཅེས་པ་འདི་ཡང་ཝང་དོན་གྲུབ་རྡོ་རྗེས་བསྐུལ་བའི་དོར། ༈ ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་སྦྱར་བའོ། ༈ །།ན་མོ་གུ་རུ་བཛྲ་བཧཻ་ར་ཝཱ་ཡ། འདིར་ལྷ་ཆེན་ཚངས་པ་ཆེན་པོ་དང་ནེ་སེར་ཇོ་བོ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་གྱི་གཞི་བདག་གསུམ་མཆོད་པར་འདོད་བས་རང་ཉིད་ཡི་དམ་གྱི་ལྷ་གང་ཡང་ རུང་བའི་བདག་བསྐྱེད་ལ་གནས་ནས་འོག་ནས་འབྱུང་བའི་གསེར་སྐྱེམས། བསངས་རྫས་མཆོད་གཏོར་སོགས་སྣོད་གཙང་མར་ལེགས་པར་བཤམས་ལ་ཡི་དམ་དེ་གའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་རམ་སྔགས་དྲུག་དང་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས་ཏེ་དམིགས་ པ་བརྟན་པོས་འདི་ལྟར། ༈ །སྲིད་གསུམ་བཟང་ངན་འབྲིང་པོའི་གཟུགས་བརྙན་ཚོགས། །གསལ་བར་ཤར་ནས་བླང་དོར་ཚུལ་བཞིན་དུ། །སྟོན་མཛད་ལྷ་ཆེན་ ཚངས་པ་འཁོར་བཅས་གཤེགས། །རིགས་འཛིན་དད་པ་བརྟན་པོ་ཕོ་ཉའི་གྲོགས། །འཚོལ་ཕྱིར་ལྷོ་ནུབ་སྲིན་པོའི་ཡུལ་ཞུགས་ཚེ། །ཐུབ་བསྟན་བསྲུང་བར་གཡར་དམ་བཅས་པ་ཡི། །བསྟན་སྲུང་ཕྱིད་དཀར་འཁོར་བཅས་ [029B] །ལྷུན་སྡུག་ཕྱོགས་ལས་རྣམ་རྒྱལ་རི་བོའི་ངོས། །བདེ་བར་གནས་ནས་འཕྲིན་ལས་རྣམ་བཞི་ཡི། །ཡུལ་འདི་སྐྱོང་མཛད་གཞི་བདག་འཁོར་དང་བཅས། །དམ་བཅས་ཐུགས་དམ་དབང་གིས་གནས་ འདིར་གཤེགས། །འབྲུ་བཅུད་སྦྲང་ཆར་མཚོ་ལྟར་འཁྱིལ་བའི་སྟེང། །རོ་བརྒྱ་ལྡན་པའི་ལྦུ་བའི་ངང་མོ་འཁྲིགས། །རིན་ཆེན་ས་ལུའི་འབྲུ་དང་སྦྱར་བ་ཡི། །གསེར་སྐྱེམས་འདི་བཞེས་མཆོག་མཐུན་དངོས་གྲུབ་སྩོལ། །སྲིད་གསུམ་ གནས་པའི་གྲིབ་སེལ་བསངས་སྣའི་ཚོགས། །ཡེ་ཤེས་མེ་ཡིས་བསྲེགས་པའི་དུད་བའི་སྤྲིན། །དབང་སྔོན་གཞུ་འདྲའི་ཀུན་གསལ་ངོས་གང་བས། །ལྷ་མཆོག་རྣམ་གསུམ་འཁོར་དང་བཅས་པ་བསངས། །མ་ཚང་མེད་པའི་ལྷ་ མིའི་བཟའ་བཅའི་ཚོགས། །བསངས་སྦྱངས་བསྐྱེད་ཅིང་བྱིན་གྱིས་བརླབས་པ་ཡི། །ཟག་མེད་བདེ་སྟེར་གཏོར་ཚོགས་རྒྱ་མཚོ་འདི། །བཞེས་ལ་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ལན་གསུམ། ཡན་ལག་བརྒྱད་ལྡན་ ཉལ་འགྲོའི་བུ་མོ་ནི། །ལྤུ་བའི་འཛུམ་དཀར་སྟོན་པའི་མཆོད་ཡོན་དང། །སྤེལ་ལེགས་མེ་ཏོག་ལྷ་ཡི་བདུག་སྤོས་འདིས། །བསྟན་སྲུང་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ཅིག་ཚངས་པའི་འཇིག་རྟེན་གསལ་འདྲའི་སྒྲོན་མེ་དང།། རེག་ན་བདེ་བ་བསྐྱེད་པའི་དྲི་ཆབ་དང། །རོ་བརྒྱའི་བཅུད་ལྡན་ཞལ་ས་རོལ་མོར་བཅས། །དགྲ་ལྷའི་རྒྱལ་པོ་འཁོར་བཅས་མཉེས་ཕྱིར་འབུལ། །གཞན་ཡང་འདོད་ཡོན་ལྔ་དང་རིན་ཆེན་བདུན། །འོད་འབར་སྒ་སྲབ་ཆས་ཀྱིས་ [030A]༄༅། །དཔའ་བ་ཡི། །སྤྲིན་གྱི་ཤུགས་ཅན་མགྱོགས་འགྲོའི་ཚོགས་འདི་དག། །ད་གྱེས་བཞིན་བཞེས་ལ་བདག་གི་གྲོགས་མཛོད་ཅིག་རིན་ཆེན་མ་རྒད་གཞུ་འདྲའི་ནེའུ་གསིང། །གཡུ་ལོའི་གོས་གྱོན་རྐང་ འཐུང་མེ་ཏོག་དང། །དབང་སྔོན་ཆབ་ཀྱིས་བརྒྱན་པའི་སྐྱེད་ཚལ་དུ། །གནས་པའི་ཚལ་བུའི་ཚོགས་འདི་རྟེན་དུ་བཞེས། །ཁྲོ་གཏུམ་འཇིགས་པའི་གཅན་གཟན་སྣ་ཚོགས་དང། །འདོད་འཇོའི་བ་དང་འབྲི་གཡག་བྱ་ཡི་ཚོགས་ ལད་ལིང་གཡོ་བས་སྣང་འགེངས་པ་འདི། །དགྲ་ལྷ་འཁོར་དང་བཅས་པའི་རྟེན་དུ་འབུལ། །དགྲ་ཡུལ་དམག་གིས་འགེངས་པའི་བེང་ཆེན་དང། །དམ་ཉ་མིས་བླ་ཚོ་འགུགས་པའི་བཙན་ཞགས་དང། །འོང་འབར་བསེ་ རྨོག་རྟ་མཆོག་རྒྱན་བཅས་འདི། །ལྷ་ཆེན་ཚངས་པ་འཁོར་བཅས་རྟེན་དུ་འབུལ། །རྟེན་ལས་མི་གཡོ་འབེམ་ལས་མི་འདའ་བར། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང། །བདག་གིས་བཅོལ་བའི་འཕྲིན་ལས་ སྒྲུབ་པར་མཛོད། །དགྲ་སྙིང་འབྱིན་བྱེད་ཤེལ་དཀར་མདུང་རིང་ནི། །ཁམས་གསུམ་དབང་སྡུད་དར་དཀར་ལྷབ་ལྷུབ་ཅན། །དགོས་འདོད་འབྱུང་བའི་ནོར་གྱི་གཞོད་པ་འདི། །ནེ་སེར་ཇོ་བོ་འཁོར་བཅས་རྟེན་དུ་འབུལ། །རྟེན་ལས་ མི་གཡོ་འབེམ་ལས་མི་འདའ་བར། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང། །བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །མངའ་གྲི་མདུང་དང་ར་རྒོད་འཁྱིལ་འདྲའི་གཞུ། །ཕུབ་དང་རྡོ་རྗེ་ལྕགས་ཀྱུ་ [030B] །བསྟན་པ་བསྲུང་ཉེར་འཁོའི་ཡོ་བྱད་འདི། །གཞི་བདག་འཁོར་དང་བཅས་པའི་རྟེན་དུ་འབུལ། །རྟེན་ལས་མི་ ྾ ། སངས་རྒྱས་བསྟན་ ྾ ། བདག་གིས་བཅོལ་ ྾ ། ས་བཅུའི་དབང་ཕྱུག་རྒྱལ་སྲས་རིན་ ཆེན་མང། །གང་འདུལ་ཅིར་ཡང་སྟོན་པའི་སྒྱུ་འཕྲུལ་ལས། །དེང་འདིར་ཞི་དྲག་ཚངས་པའི་སྐུར་བཞེངས་ནས། །ཞྭ་སེར་བསྟན་བ་བསྲུང་མཛད་ཁྱོད་ལ་བསྟོད། །པད་དཀར་འཆང་བའི་ཐུགས་ཀྱི་སྒྱུ་འཕྲུལ་ཆེ། །ཐུབ་བསྟན་བསྲུང་ ཞིང་བསྟན་འཛིན་སྐྱོང་མཛད་པའི། །ཆོས་བདག་ན་སེར་ལྷ་ཡི་དགེ་བསྙེན་ཆེ། །བཙུན་མོ་སྲས་བློན་དམག་དཔོན་བཅས་ལ་བསྟོད། །བུ་ཤང་མཐོན་པའི་རི་ལ་བདེར་གནས་ཏེ། །མཚོ་སྔོན་ཡུལ་གྱི་སྐྱེ་རྒྱུ་སྐྱོང་མཛད་པའི། །དཀར་ ཕྱོགས་ཡུལ་ལྷ་གཞི་བདག་འཁོར་དང་བཅས། །གསོལ་ལོ་མཆོད་དོ་འཕྲིན་ལས་རྣམ་བཞི་སྒྲུབས། །དུས་འདི་ནས་བཟུངས་ཚེ་རབས་ཐམས་ཅད་དུ། །མཐུ་ལྡན་བསྲུང་མ་རྣམས་དང་མི་འབྲལ་ཞིང། །དམ་ཆོས་བསྒྲུབ་ པའི་འགལ་རྐྱེན་ཀུན་ཞི་ནས། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །དགྲ་ལྷ་རྣམ་གསུམ་མཆོད་ཅིང་གསོལ་བཏབ་མཐུས། །ཡུལ་འདིར་དགྲ་ཇག་ཆོམ་རྐུན་མུ་གེ་ཡི། །མིང་ཡང་མི་གྲགས་ཚེ་བསོད་མངའ་ ཐང་དང། །དཔལ་འབྱོར་ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཤོག་ཅེས་མཚོ་སྔོན་ཡུལ་གྱི་ཆོས་བདག་གཞི་བདག་བཅས་ལ་གསོལ་མཆོད་རྟེན་འབུལ་བརྟན་བཞུགས། །འཕྲིན་འཆོལ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་སྟོབས་འབྱོར་རིགས་བརྒྱུད་ [031A]༄༅། །མཆོག་གིས་དབའ་ཞིང། དད་བརྩོན་ཡོན་ཏན་གྱིས་རྒྱན་པའི་མཚོ་སྔོན་ཆིང་ཝང་བསོད་ནམས་རྡོ་རྗེ་ནས་བསྐུལ་བའི་ངོར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དབལ་བཟང་པོས་གཟིམས་ཆུང་ བཀའ་གདམས་ཕོ་བྱང་དུ་སྦྱར་བའོ།། ༈ །། ཨོཾ་སསྟི། མི་འགྱུར་བདེ་ཆེན་རང་བཞིན་ཆོས་ཀྱི་སྐུ། །གང་འདུལ་སྤྲུལ་པའི་གར་བསྒྱུར་ཕན་བདེའི་གཞི། །དྲིན་ཅན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །བདུད་རྩིའི་གསེར་ སྐྱེམས་རྒྱ་མཚོ་འདི་བཞེས་ལ། །བདག་གི་མགོན་སྐྱབས་དཔུང་གཉེན་གཟུ་དང་དཔང། །མཛོད་ལ་བསམ་དོན་འགྲུབ་པའི་འཕྲིན་ལས་མཛོད། །ཁམས་གསུམ་ཟ་བྱེད་སྲིད་གསུམ་བདུད་ཀྱི་སྡེ། །མ་ལུས་རྩད་ནས་འཇོམས་ མཛད་གཤིན་རྗེ་གཤེད། །ལ་སོགས་ཡི་དམ་ལྷ་ཚོགས་འཁོར་བཅས་ཀྱིས། །བདུད་རྩིའི་གསེར་སྒྱེམས་ ྾ ། བདག་གི་མགོན་སྐྱབས་ ྾ ། མཛོད་ལ་བསམ་དོན་ ྾ ། དུས་གསུམ་བདེ་གཤེགས་སྤངས་རྟོགས་དམ་པའི་ ཆོས༑ ༑རིག་དང་ཞབས་ལྡན་བསོད་ནམས་ཞིང་གི་མཆོག་བསླུ་མེད་མཆོག་གསུམ་རྒྱ་མཚོ་འཁོར་བཅས་ཀྱིས། །བདུད་རྩིའི་གསེར་སྐྱེམས་ ྾ ། བདག་གི་མགོན་སྐྱབས་ ྾ ། མཛོད་ལ་བསམ་དོན་ ྾ ། རྒྱལ་བ་ཀུན་གྱི་ ཡུམ་གཅིག་དབྱངས་ཅན་མ། །སྙིགས་དུས་བསྟན་དགྲའི་གཤེད་དུ་ཁྲོ་མོའི་སྐུར། །སྟོན་མཛད་འདོད་ཁམས་དབང་ཕྱུག་རེ་མ་ཏི། །བདུད་རྩིའི་གསེར་སྐྱེམས་ ྾ ། བདག་གི་མགོན་སྐྱབས་ ྾ ། མཛོད་ལ་བསམ་དོན་ ྾ ། [031B] །འགྱིང་ཞིང་མིག་སྨན་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་འདྲའི་ཁྲོ་མོ་ཆེ། །བདུད་རྩིའི་གསེར་སྐྱེམས་ ྾ ། བདག་གི་མགོན་སྐྱབས་ ྾ ། མཛོད་ལ་བསམ་ དོན་ ྾ ། གནས་གསུམ་མཁའ་འགྲོའི་དབང་ཕྱུག་དཔལ་ལྷ་མོ། །ཞི་དྲག་དུས་བཞིའི་ལྷ་མོ་གདོང་གཉན་གཉིས། །ཚེ་རིང་མཆེད་ལྔ་བརྟན་མ་བཅུ་གཉིས་བཅས། བདུད་རྩིའི་ ྾ ། བདག་གི་ ྾ ། མཛོད་ལ་ ྾ ། གཞན་ཡང་ དམ་ཅན་ཆོས་སྲུང་ཚོགས་རྣམས་དང། །ཉི་ཟླ་ཞག་དུས་གཟའ་སྐར་རྒྱུ་བའི་ལྷ། །ཡུལ་ལྷ་གཞི་བདག་གཉན་པོ་འཁོར་བཅས་ཀྱི། །བདུད་རྩིའི་ ྾ ། བདག་བ་ ྾ ། མཛོད་ལ་ ྾ ། ཁམས་གསུམ་དབང་ཕྱུག་དམག་ཟོར་རྒྱལ་ མོ་ཡི༑ ༑ས་གསུམ་ཡོངས་ཁྱབ་སྤྲུལ་པ་ཡང་སྤྲུལ་སོགས། །སྲིད་གསུམ་བཅུང་བསྡུས་གསེར་སྐྱེམས་འདི་བཞེས་ལ། །དུས་གསུམ་རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །བསླབ་གསུམ་ལྡན་པའི་དགེ་འདུན་འཁོར་བཅས་ལ། ། ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་སོགས། །འཕྲིན་ལས་རྣམ་བཞིས་རྟག་ཏུ་སྐྱོང་གྱུར་ཅིག་ཅེས་པ་འདི་ཡང་ལི་ཐང་བྱམས་གླིང་མཁར་པོ་རབ་འབྱམས་པ་བློ་བཟང་དོན་གྲུབ་ཀྱིས་ཡི་གེའི་ལམ་ནས་བསྐུལ་བ་ལྟར། ་ཤཱཀྱའི་དགེ་སློང་བློ་བཟང་ དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །།ན་མོ་གུ་རུ་བཛྲ་བཧཻ་ར་ཝཱ་ཡ། འདིར་དཔལ་མགོན་ཞལ་བཞི་དང། བཙན་གྱི་བདག་པོ་རྩི་དམར་བ་གཉིས་དབྱེར་མེད་ [032A]༄༅། །དུ་མོས་ཏེ་མཆོད་གཏོར་འབུལ་བའི་རིམ་པ་ནི། བཙན་བཤོས་དམར་པོ། བཙན་སྐྱེམས་ཁྲག་ཆང། ཤ་སྣ་སྣ་ཚོགས་པའི་གཏོར་མ། ཉེར་སྤྱོད་དང་བཅས་པ་ཚོགས་པར་བྱས་ལ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་བརྟན་པོས་སྔགས་དྲུག་དང་ ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས། ༈ རྦ་ཀློངས་རབ་འཁྲུགས་རྟ་མཆོག་གྲ་ནག་སྟེང། །གཏུམ་དྲག་ནག་པོ་ཆེ་དང་དབྱེར་མེད་པའི། །དགྲ་ལྷའི་རྒྱལ་པོ་རྩི་དམར་བརྟན་པར་ བཞུགས། །བྱུ་རུའི་མདོག་ཅན་རབ་ཏུ་ཁྲོས་པའི་སྐུ། །ཡ་སོས་མ་མཆུ་མནན་པའི་དཔའ་རྟགས་ཅན། །གཡས་གཡོན་ཕྱག་གིས་མདུང་དམར་བཙན་ཞགས་འཛིན། །རུ་འདྲེན་སྡེ་བཞིའི་འཁོར་དང་བཅས་ཏེ་བཞུགས། །མྱོས་ བྱེད་ཁྲག་གི་རྦ་ཀློང་མཁའ་དབྱིངས་སུ། །འཕྱོ་བའི་རོ་བརྒྱ་ལྡན་པའི་བཏུང་པ་འདི། །འབུལ་གྱི་རིངས་པའི་ཚུལ་གྱི་བཞས་ནས་ཀྱང། །བཅོལ་བའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག་མྱུར་མྱུར་གསར་དུ་བཀུམ་པའི་ར་ཡི་ སྙིང༑ ༑འདར་འདར་གཡོ་ཞིང་ཁྲག་རྒྱུན་དྲོན་མོ་འཛག་བུན་བུན་རླངས་པའི་ཐུལ་བའི་ཤ་རྗེན་འདི། །ཏག་ཏག་རྐན་དགྲ་ཏོག་ཅིང་བཞེས་སུ་གསོལ། །དོན་དམ་ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །ཏིང་འཛིན་སྔགས་རྒྱས་བྱིན་ རླབས་གཏོར་ཚོགས་འདི། །ལེགས་ལྡན་གདོང་བཞི་མགོན་དང་དབྱེར་མེད་པའི། །བསྟན་སྲུང་རྩི་དམར་འཁོར་བཅས་མཉེས་ཕྱིར་འབུལ། ལན་གསུམ། གྲི་ཐོང་ཁམས་གསུམ་དབང་སྡུད་བ་དན་ཅན། །མདུང་ཐུང་དགྲ་སྙིད་ [032B] །ཉི་ཟེར་གློག་ལྟར་འཁྱུག་པའི་བཙན་ཞགས་འདི། །གཏུམ་ཆེན་རྩི་དམར་འཁོར་བཅས་མཉེས་ཕྱིར་འབུལ། །བསེ་ཡི་རྨོག་གཟུགས་རྒོད་ཀྱི་ལྡེམ་ཁྲུ་ཅན། །སྡིག་པའི་གཟུགས་ཀྱི་བརྗིད་པའི་ ཁྲབ་ཆེན་དང། །སྟག་རལ་གཟིག་ཤུབས་ཆིབས་རྟ་གྲ་ནག་སོགས། །བསྟན་པ་བསྲུང་ལ་ཉེར་མཁོ་མ་ལུས་འབུལ། །བྱ་ཁྲ་གླག་དང་སྟག་གཟིག་ཚལ་བུ་སོགས། །དངོས་བཤམས་ཡིད་སྤྲུལ་དམ་རྫས་སྤྱན་གཟིགས་ ཚོགས། །དྲག་པོ་གཟི་ལྡན་དབང་ཕྱུག་གནོད་སྦྱིན་སྐུར། །རབ་བཞེངས་རྩི་དམར་འཁོར་དང་བཅས་ལ་འབུལ། །མ་ཧཱ་ཀཱ་ལའི་ཐུགས་བསྐྱེད་རིན་ཆེན་ཁམས། །མཁྱེན་བརྩེ་ནུས་པའི་བཟོ་བོའི་འདུ་བྱེད་ཀྱས། །ཆོས་དབྱིངས་ ངང་དུ་སྦྱངས་པའི་ཞུ་བླུགས་ལས། །རབ་བཞེངས་རྩི་དམར་འཁོར་དང་བཅས་ལ་བསྟོད། །ཁྱོད་ལ་མཆོད་བསྟོད་བགྱིས་པའི་རྣམ་དཀར་མཐུས། །དེང་ནས་བྱང་ཆུབ་སྙིང་པོར་མ་ཕྱིན་བར། །འབྲལ་མེད་པ་དག་གི་མགོན་དང་ སྐྱབས་མཛད་ནས། །བསམ་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །བསྟན་དང་དཔོན་སློབ་དགོན་གནས་བཅས་པ་ལ། །སྡང་ཞིང་ལོག་པར་འཁུ་བའི་དགྲ་དང་བགེགས། །བར་གཅོད་ཕྱི་ནང་ཉེར་འཚེ་ཅི་མཆིས་པ། ། དྲང་པོའི་ཆད་པས་མྱུར་དུ་ཚར་གཅོད་མཛོད། །དབུ་མའི་ལྟ་དང་ཉེར་འབྲེལ་འདུས་པའི་རྒྱུད། །འཆད་ཉན་སྤེལ་ལ་བསྲུང་སྐྱོབ་མ་གཡེལ་ཅེས། །ཀླུ་སྒྲུབ་རྒྱལ་བ་གཉིས་པ་ཡབ་སྲས་ཀྱི། །བཀའ་བསྒོས་དམ་བཅས་རྗེས་སུ་ [033A]༄༅། །དགོངས་པར་མཛོད། །འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་བཅུར་རྒྱས། །དེ་འཛིན་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན། །ལྗོངས་འདིར་ཆོས་མིན་ཉེར་འཚེ་རྒྱུན་ཆད་ཅིང། །ལེགས་ཚོགས་ བཀྲ་ཤིས་རྒྱ་མཚོས་ཁྱབ་གྱུར་ཅིག་མངྒ་ལཾ། ཅེས་དཔལ་མགོན་ཞལ་བཞི་དང། གནོད་སྦྱིན་རྩི་དམར་བ་གཉིས་ངོ་བོ་དབྱེར་མེད་དུ་མོས་ཏེ་མཆོད་གཏོར་འབུལ་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་ལབ་སྤྲུལ་སྐྱ་ཡེ་ཤེས་བསྟན་པ་དར་རྒྱས་ཀྱིས་བསྐུལ་ བ་ལྟར། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱིས་སྦྱར་བའོ།། ༈ །།ཀྱཻཿ་སྔོན་ཚེ་ལངྐའི་གྲོང་ཁྱེར་ཆེན་པོ་རུ། །འཇིགས་རུངས་གཟུགས་ཅན་སྒོ་བསྲུང་ཆེན་ པོ་བ༑ ༑དད་པ་བརྟན་པར་མཐུན་པའི་རྐྱེན་སྒྲུབས་ནས། །ཁྱོད་བསྟན་བསྲུང་ཞེས་ཁས་བླངས་དམ་བཅས་ཅན། །དེང་འདིར་ཕྱིང་དཀར་ཇོ་བོར་མཚན་གྲགས་པ། །སངས་རྒྱས་བསྟན་སྲུང་མཐུ་སྟོབས་ཡོངས་ཀྱི་རྗེ། །བཀྲ་ཤིས་ལྷུན་ གྲུབ་ཆོས་འཁོར་སྐྱོང་བའི་ཚེ། །ནེ་སེར་ཇོ་བོ་འཁོར་བཅས་གནས་འདིར་གཤེགས། །ཁྱོད་ལ་དགྱེས་པའི་མཆོད་གཏོར་འབུལ་བ་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །དངོས་བཤམས་ཡིད་སྦྲུལ་ནམ་མཁའ་ གང་བའི་ཚོགས། །ལྷ་མཆོག་དགེ་བསྙེན་འཁོར་བཅས་མཉེས་ཕྱིར་འབུལ། །ཁྱད་པར་ཞིང་འདིར་སྔ་ན་མེད་པའི་ནོར། །ཕུན་ཚོགས་ཐེག་ཆེན་གླང་པོ་རིན་པོ་ཆེ། །མཛེས་པའི་རྒྱན་ལྡན་སྟོབས་ཀྱི་རྒྱལ་པོ་ཟུང། །དགེ་བསྙེན་ [033B] །བཞེས་ནས་རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །ཆོས་འཁོར་སྐྱོང་ཞིང་དཔལ་ལྡན་བླ་མ་མཆོག་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་མཆོག་ཕྱོགས་ལས་རྣམ་རྒྱལ་བཞེད་པའི་འཕྲིན་ལས་ སྒྲུབས། །གླིང་བཞི་ཡུད་ཀྱིས་བསྐོར་བའི་ཤུགས་འཆང་ཞིང། །མདོངས་ལྡན་མགྲིན་པའི་མདངས་ལྟར་མདོག་མཛེས་པ། །དར་ཟབ་རིན་ཆེན་སྒ་སྲབ་རྒྱན་པ་རྣམས། །དགེ་བསྙེན་འཁོར་བཅས་དགྱེས་པའི་རྟེན་དུ་འབུལ། །བཞེས་ ནས་རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །ཆོས་འཁོར་སྐྱོང་ཞིང་དཔལ་ལྡན་བླ་མ་མཆོག་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་མཆོག་ཕྱོགས་ལས་རྣམ་རྒྱལ་བཞེད་པའི་འཕྲིན་ལས་སྒྲུབས། །གཡག་ལུག་འདོད་འཇོ་བ་སོགས་ སྲོག་ཆགས་དང། །གླིང་བཞི་རྒྱལ་སྲིད་བདུན་དང་རྫས་བརྒྱད་རྣམས། །ཕྱི་དང་ནང་གི་གསང་བའི་རྟེན་མཆོག་འདི། །དགེ་བསྙེན་འཁོར་བཅས་དགྱེས་བའི་རྟེན་དུ་འབུལ། །བཞེས་ནས་རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །ཆོས་ འཁོར་སྐྱོང་ཞིང་དཔལ་ལྡན་བླ་མ་མཆོག་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་མཆོག་ཕྱོགས་ལས་རྣམ་རྒྱལ་བཞེད་བའི་འཕྲིན་ལས་སྒྲུབས། །གཉིས་འཐུང་ལུས་སྟོབས་རྒྱས་པའི་རྟེན་འདི་ཡང། །བསྲུང་སྐྱོབས་པ་ཅོལ་ བའི་ལས་ལ་མི་གཡེལ་ཞིང། །ཐུབ་བསྟན་སྙིང་པོ་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་དེར་རྒྱས་ཆོས་ཀྱི་སྡེ་ཆེན་སྐྱོངས། །ཡུལ་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ། །མི་མཐུན་རྒུད་པའི་མཚན་མ་གང་ [034A]༄༅། །མཆིས་པ། །ཀུན་ཞི་དཔལ་དང་འབྱོར་པའི་དགེ་མཚན་མཆོག་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་རྒྱས་མཛོད། །ཁྱད་བར་རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ལྷ་མཆོག་ཉིད་ལ་གཉེར་དུ་གཏད་བ་ ཡིས༑ ༑བར་ཆད་ཞི་ཞིང་ལས་བཞིའི་འཕྲིན་ལས་ཀུན། །ལྷུན་གྱིས་འགྲུབ་པའི་དགེ་མཚན་འབར་གྱུར་ཅིག་ཅེས་པ་འདི་ནི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་ནེ་སེར་ཇོ་བོ་ཆེན་པོའི་རྟེན་འབུལ་མཛད་ཐོག་དགྱེས་པ་སྐྱེད་ཕྱིར་ཁ་སྐོང་བ་དང་བཅས་པ་འདི་ ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོས་རྒྱུད་པ་གྲྭ་ཚང་གི་ཚོགས་འདོན་དུ་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་སྦྱར་བའོ།། ༈ །། སྟོབས་ཀྱི་རྒྱལ་པོ་ཟུང་ དགེ་བསྙེན་དགྲ་ལྷ་ཆེན་བོ་ཞི་དྲག་དང། །བཙུན་མོ་སྲས་བློན་དགྱེས་པའི་རྟེན་དུ་འབུལ། །བཞེས་ནས་ཞེས་སོགས་འོག་མ་རིགས་འགྲེ། ཅེས་པ་འདི་ཡང་ས་སྤྲུལ་གནམ་ལོ་གསར་ཚེས་ཀྱི་རྟེན་གསོལ་སྐབས་གཤིན་རྗེ་གཤེད་ཀྱི་རྣལ་ འབྱོར་བ་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱིས་བྲིས་པའོ།། །།དགེ་ལེགས་འཕེལ།། ༈ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། ། རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།། སརྦ་ཛ་ག་ཏི།། [034B][BLANK PAGE]